ཀྲུང་གོའི་ཤན་འབྱེད་ཚོགས་ཆུང་གིས་བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགོ་ཚུཌ་འགྲན་བསྡུར་ལ་ཤན་འབྱེད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨེ་ཤེ་ཡ་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏུང་ཧྥང་ཡུས་ཤན་འབྱེད་པ་གཙོ་བོ་བྱས་པའི་ཀྲུང་གོའི་ཤན་འབྱེད་ཚོགས་ཆུང་གིས་ཟླ་3ཚེས་1ཉིན་སྤེལ་བའི་བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགྲན་བསྡུར་ལ་ཤན་འབྱེད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ས་གནས་དེ་གའི་དུས་ཚོད་ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར། མགྲོན་བདག་རྒྱལ་ཁབ་ཨོ་སི་ཁྲུ་ལི་ཡའི་རུ་ཁག་དང་ཧྥི་ལི་ཕིན་རུ་ཁག་གི་འགོ་ཚུགས་འགྲན་བསྡུར་དེ་མི་ཁྲི་6གཤོངས་བའི་ཕོ་སི་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད།
ཨེ་ཤེ་ཡ་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤན་འབྱེད་ཚོགས་ཆུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་དེའི་ནང་ཤན་འབྱེད་པ་གཙོ་བོ་ཏུང་ཧྥང་ཡུས་དང་། ལས་རོགས་ཤན་འབྱེད་པ་དང་པོ་ཤེ་ལི་ཅུན། ལས་རོགས་ཤན་འབྱེད་པ་གཉིས་པ་པའོ་མོང་ཞའོ། དཔོན་རིགས་ཨང་བཞི་པ་ཐེན་ཅིན་བཅས་ཚུད་ཡོད་པ་རེད། ཁོང་ཚོ་བཞི་པོ་ནི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཙོ་གནད་ཐོག་གསོ་སྐྱོང་བྱས་པའི་བུད་མེད་ཤན་འབྱེད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་བུད་མེད་ཤན་འབྱེད་པར་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་ནས་རྒྱལ་ནང་གི་འགྲན་རར་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཤན་འབྱེད་བྱས་པ་མ་ཟད། ད་དུང་རྒྱལ་སྤྱིའི་འགྲན་རར་ཡང་ཞུགས་ཡོད་པ་རེད།
སྐབས་འདིའི་བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགྲན་བསྡུར་ཟླ་3ཚེས་1ནས་21ཉིན་བར་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་དང་། ཕོ་སི། ཧོང་ཅིན་མཚོ་ངོགས་བཅས་སུ་གཉེར་རྒྱུ་ཡིན་ཞིང་། དེའི་ནང་སྤོ་ལོའི་རུ་ཁག་12ཞུགས་པ་དང་དེ་དག་ཚོགས་ཆུང་གསུམ་ལ་དབྱེ་ཡོད། འགྲན་བསྡུར་གྱི་སྒྲིག་ལམ་ལ་གཞིགས་ན། ཚོགས་ཆུང་རེའི་མདུན་གྲལ་གྱི་ཚོགས་ཆུང་གཉིས་དང་སྦྱངས་འབྲས་ཡག་ཤོས་ཀྱི་ཚོགས་ཆུང་གཉིས་ཀྱི་ཨང་གསུམ་པ་རྩེར་སོན་བརྒྱད་ནང་ཚུད་རྒྱུ་རེད། ཚེས་3ཉིན་ཀྲུང་གོའི་རུ་ཁག་ཞུགས་རྒྱུ་དང་། བྷང་ག་ལའི་རུ་ཁག་དང་འགྲན་བསྡུར་ཐོག་མ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།