དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀུ་ཐེ་ལེ་སིས་ཕྱོགས་ཁག་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-03

    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་ཚུལ་སྤེལ་དོན། ཟླ་2ཚེས་28ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གསལ་བསྒྲགས་སྤེལ་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དམག་དོན་གདོང་གཏུག་ཛ་དྲག་ཏུ་སོང་བར་རྒོལ་གཏམ་བཏང་བ་རེད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚང་མས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་འོག་གི་འོས་འགན་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་དགྲར་འཛིན་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་དགོས་པ་དང་འབྲེལ་དུས་བབ་ཞི་ལྷོད་དུ་གཏོང་དགོས། དེ་ལྟར་མ་བྱས་ཚེ་གཞི་ཁྱོན་དེ་བས་ཆེ་བའི་ས་ཁོངས་ཀྱི་གདོང་གཏུག་ཡོང་སྲིད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།