དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་སྲིད་པུས་ཡིག་ཆ་བཀྲམ་ནས་ན་སོ་དར་ལ་མ་བབས་པའི་མི་ཡི་རོགས་སྐྱོབ་དང་སྲུང་སྐྱོང་སྒྲིག་གཞིའི་དོ་དམ་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-01

    ཉེ་ཆར། དམངས་སྲིད་པུས《ན་སོ་དར་ལ་མ་བབས་པའི་མི་ཡི་རོགས་སྐྱོབ་དང་སྲུང་སྐྱོང་སྒྲིག་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པར་ཁྱོན་ལེའུ་དྲུག་དང་དོན་ཚན་ལྔ་བཅུ་ཡོད་པ་དང་། 2026ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

    བྱ་ཐབས་ནང་ཁ་གསལ་བཏོན་དོན། ན་སོ་དར་ལ་མ་བབས་པའི་མི་ཡི་རོགས་སྐྱོབ་དང་སྲུང་སྐྱོང་སྒྲིག་གཞི་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་དམངས་སྲིད་སྡེ་ཚན་གྱིས་བཙུགས་པ་དང་གཙོ་བོ་དམངས་སྲིད་སྡེ་ཚན་གྱིས་ཁྲིམས་ལྟར་གནས་སྐབས་ལྟ་སྐྱོང་བྱེད་པའི་ན་སོ་དར་ལ་མ་བབས་པའི་མི་གསོ་ཉར་དང་འབྲེལ། ཉམ་ཐག་ཏུ་ལུས་པའི་ན་སོ་དར་ལ་མ་བབས་པའི་མིར་སེམས་ཁུར་ཞབས་ཞུའི་ལས་དོན་སྤེལ་མཁན་སྒྲིག་གཞིར་ཟེར་ཞིང་། ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་དང་སྲུང་སྐྱོང་སྒྲིག་གཞིའི་ནང་བྱ་གཞག་ཚན་པའི་ཁྲིམས་མིས་ཐོ་འགོད་བྱས་པའི་ན་སོ་དར་ལ་མ་བབས་པའི་མིའི(རོགས་སྐྱོབ)སྲུང་སྐྱོང་ལྟེ་གནས་དང་ན་སོ་དར་ལ་མ་བབས་པའི་མི་ཡི་རོགས་སྐྱོབ་དང་སྲུང་སྐྱོང་ཁོའོ(ཁང)བཙུགས་པའི་སྒྲིག་གཞི་སོགས་ཚུད་ཡོད་པ་རེད།

    བྱ་ཐབས་ནང་གསོ་ཉར་གྱི་འགན་འཁྲི་ཞིབ་ཕྲ་བཟོས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞིས་ངེས་པར་དུ་དམངས་སྲིད་སྡེ་ཚན་གྱིས་ཁྲིམས་ལྟར་གནས་སྐབས་ལྟ་སྐྱོང་བྱེད་དགོས་པའི་ན་སོ་དར་ལ་མ་བབས་པའི་མི་གསོ་ཉར་བྱེད་དགོས་པ་ཁ་གསལ་བཏོན་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞིས་གསོ་ཉར་བྱེད་པའི་ན་སོ་དར་ལ་མ་བབས་པའི་མིར་བདེ་ཐང་བརྟག་དཔྱད་དང་། གཉེན་འཚོལ་ཞབས་ཞུ། འཚོ་བའི་ལྟ་རྟོག གཞི་རྩའི་སྨན་བཅོས། སློབ་གསོའི་ཞབས་ཞུ། བདེ་འཇགས་སྲུང་སྐྱོང་། སེམས་ཁམས་བདེ་ཐང་ཞབས་ཞུ་སོགས་མཁོ་འདོན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།