རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ནན་བཤད་བྱས་དོན།
བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་དོགས་ཟོན་ནན་པོ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། ཙུང་ལི་ལི་ཆང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། མིག་གཤམ་འོག་ལ་ལྟ་བ་དང་། སྔོན་འགོག་གཙོ་བོར་བྱེད་པ། སྔོན་ལ་ནུས་ཤུགས་འདོན་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་ཏན་ཏིག་བསྒྲུབས་ཏེ། བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་འཛོལ་དམིགས་བསལ་ཚབས་ཆེན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ལ་དཔྱད་ཞིབ་དང་སྐོར་ཞིབ་བྱས་འབྲས་བེད་ཡག་པོ་སྤྱད་དེ་ཐུན་མོང་རང་བཞིན་གྱི་གནད་དོན་གཏིང་ཟབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་དགོས་པ་དང་། གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་རྨང་གཞི་མགྱོགས་མྱུར་བརྟན་དུ་བཏང་ནས་གཞི་རིམ་གྱི“སྔོན་འགོག”འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་ཤུགས་ཆེན་གཏོང་བ་དང་། མི་ཚོཌ་མང་ས་དང་། ཐོག་བརྩེགས་ཁང་ཆེན། གཉེར་སྐྱོང་རང་བཞིན་གྱི་རང་བསྐྲུན་ཁང་པ་སོགས་ལ་མེ་སྐྱོན་སྔོན་འགོག་མངོན་གསལ་དོད་སར་བཞག་ནས་དམ་འཛིན་བྱེད་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། “དོན་དག་གཅིག”ལ་འཁོར་འབྲེལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་ལས་འགལ་ནས་ཉེན་ཁའི་ལས་སྒྲུབ་གཏན་འགོག ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བཅས་བྱེད་དགོས། མིག་སྔར་སྐྱེལ་འདྲེན་དང་། ཤོག་སྦག་སོགས་ཀྱི་བདེ་འཇགས་ལ་དམིགས་ས་ཡོད་པའི་སྒོ་ནས་དོ་དམ་དང་ཚོད་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།