དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ཝུའུ་ཏེ་ཧྥེ་ཡིས་གསུངས་དོན།

    ནད་པར་གསར་གཏོད་སྨན་ཡག་པོ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པའེ་ཀོང་ཏི།   |     སྤེལ་དུས།  2026-03-01

    ཡུན་རིང་ནད་ཐོག་སྨན་བཅོས་ཀྱི་ལས་ཀ་བྱེད་མྱོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སུའུ་ཀྲོའུ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཁྲག་རྒྱུན་རིགས་གཅིག་མཁས་ཅན་ཝུའུ་ཏེ་ཧྥེ་ཡིས་ནད་པ་མང་པོ་ཞིག་ལ་སྨན་བཅོས་བྱེད་པའི་སྨན་མེད་པ་མིན་པར་གསར་གཏོད་སྨན་ཉོ་མ་ཐུབ་པའི་སྨན་བཅོས་ཁྱབ་ཁོངས་ཀྱི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།

    གསར་གཏོད་སྨན་དངོས་འབྲེལ་ནད་པར་ཇི་ལྟར་སྤྱོད་རྒྱུ་ནི་ཝུའུ་ཏེ་ཧྥེ་ཡིས་ཉེ་བའི་ལོ་ཤས་རིང་འགན་སྒྲུབ་ཀྱི་འགོ་འཛུགས་སར་གྱུར་ཡོད། ཕྱོགས་གཅིག་ནས་ཁོང་གིས་འབྲེལ་ཡོད་གསར་གཏོད་སྨན་གྱི་ཁེ་ལས་དང་མཉམ་དུ་ཞིབ་འཇུག་བྱས་ཏེ་ནད་ཐོག་སྨན་བཅོས་ཞིབ་འཇུག་གི་མྱུར་ཚད་མགྱོགས་སུ་བཏང་ནས། ནད་པ་སྔར་བས་མང་བར་ཚད་ལྡན་གྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ཁྲོད་སྨན་བཅོས་གོ་སྐབས་ཐོབ་པར་བྱེད་ཀྱི་ཡོད། “གསར་གཏོད་སྨན་མང་པོ་ཞིག་ཁྲོམ་རར་བཏོན་མེད་མོད། འོན་ཀྱང་ནད་ཐོག་སྨན་བཅོས་ཞིབ་འཇུག་ཁྲོད་ཕན་འབྲས་ཐོན་ཡོད་སྟབས། ནད་པ་མི་ཉུང་བ་ཞིག་ལ་མཚོན་ན་ནད་ཐོག་སྨན་བཅོས་ཞིབ་འཇུག་ནི་རེ་བ་གསར་པ་ཞིག་རེད། ནད་ཐོག་སྨན་བཅོས་ཐོག་གསར་གཏོད་བྱས་ནས་མཐར་ནད་པའི་ལུས་ཐོག་ཏུ་སྤྱོད་དགོས”ཞེས་ཝུའུ་ཏེ་ཧྥེ་ཡིས་བརྗོད།

    ཕྱོགས་གཞན་ཞིག་ནས་ཝུའུ་ཏེ་ཧྥེ་ཡིས་སེམས་ནུས་དེ་བས་མང་བ་བརྟག་ཞིབ་ལས་དོན་ཐད་བཞག་ཅིང་། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གོང་དུ། ཁོང་གིས་གསར་གཏོད་སྨན་གྱི་ཁྱབ་ནུས་རང་བཞིན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་བརྟག་ཞིབ་བྱས་ཏེ་སྨན་བཅོས་སྒྲིག་གཞི་དང་། སྨན་རྫས་ཁེ་ལས། འགན་བཅོལ་སྒྲིག་གཞི་བཅས་སུ་བསྐྱོད་པ་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། དངུལ་རྩ་ལྟ་འདོམས་སྡེ་ཚན་སོགས་ཕྱོགས་ཁག་དང་སྤེལ་རེས་བྱས་ཏེ་གསར་གཏོད་སྨན་ཞིབ་སྤེལ་ནས་གཏོང་སྤྲོད་བར་གྱི་འགག་གནད་བསལ་ཡོད་པ་རེད། “གཞི་རྩའི་སྨན་བཅོས་འགན་བཅོལ་ཁོ་ནར་བརྟེན་ཚེ་རིན་གོང་མཐོ་བའི་གསར་གཏོད་སྨན་གྱི་གཏོང་སྤྲོད་དགོས་མཁོ་སྐོང་ཁག་པས་ངེས་པར་དུ་ཚོང་ལས་འགན་བཅོལ་དེའི་ནང་ཞུགས་སུ་འཇུག་དགོས”དམིགས་ཚད་དེར་དམིགས་ནས་ཝུའུ་ཏེ་ཧྥེ་ཡིས་གྲོས་འགོ་སླར་ཡང་འཐུས་སྒོ་ཚང་དུ་བཏང་སྟེ“གཞི་རྩའི་སྨན་བཅོས་འགན་བཅོལ+ཚོང་ལས་འགན་བཅོལ+སྤྱི་ཚོགས་རོགས་སྐྱོབ”བཅས་ཀྱི་ཟུང་འབྲེལ་ལམ་སྲོལ་བཙུགས་ནས། ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆེད་དོན་བཞུགས་མོལ་ནང་ཐེངས་མང་ཞུགས་ཏེ་སྲིད་ཇུས་འཕེལ་རིམ་ལ་རྒྱུན་མཐུད་རྗེས་སྙེག་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། ཝུའུ་ཏེ་ཧྥེ་ཡིས“འགན་སྒྲུབ་ནི་གྲོས་འགོ་བཏོན་པ་ཙམ་གྱིས་མ་འགྲིག་པར་རྒྱུན་མཐུད་རྗེས་སྙེག་བྱེད་དགོས”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།