དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གྱི་ནོར་གནག་ཐོན་རྫས་འདུ་འགྲེམས་ལྟེ་གནས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-01

    ཉེ་ཆར། མཚོ་སྔོན་ཡུལ་ཤུལ་གྱི་ནོར་གནག་ཐོན་རྫས་འདུ་འགྲེམས་ལྟེ་གནས་དེ་ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་དུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་ཐོག་ནས་ཡུལ་ཤུལ་གྱི་ནོར་གནག་ཐོན་ལས་གསོ་སྤེལ་དང་ལས་སྣོན་བྱེད་པ་ནས་འདུ་འགྲེམས་དང་ཕྱིར་ཚོང་བྱེད་པའི་བར་གྱི་འཁོར་འབྲེལ་ཧྲིལ་པོ་ཁྱོན་ཡོངས་ནས་སྦྲེལ་ཐུབ་པ་མཚོན་ཡོད།

    འདུ་འགྲེམས་ལྟེ་གནས་དང་ཐོན་སྐྱེད་འཁོར་ཁང་གིས་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་1600ལྷག་ཙམ་ཟིན་ཡོད། ཐོན་སྐྱེད་བརྒྱུད་རིམ་ཁག་3ནི་ཡུལ་ཤུལ་གྱི་ནོར་གནག་བཙབས་ཤའི་ཐོན་སྐྱེད་བརྒྱུད་རིམ་དང་། ཡུལ་ཤུལ་གྱི་ཚགས་ཤ་སྐམ་པོའི་ཐོན་སྐྱེད་བརྒྱུད་རིམ། ཚྭ་སྦྱངས་བཙབས་ཤའི་ཐོན་སྐྱེད་བརྒྱུད་རིམ་བཅས་ཡིན་ལ་ཁྱོན་ཐོན་རྫས་སྣ་ག་20ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།