ཡེར་པ་ཐང་གློག་ཁང་ནས་སྤྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་པ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སི་ཁྲེང་ཏུའུ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། ཞིབ་འཇུག་ཁང་དེས་ཐིག་ལེན་ཇུས་འགོད་བྱས་པའི་རང་རྒྱལ་གྱི་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་འཁྱོག་ཟུང་ཆུ་རགས་གློག་ཁང་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་དུམ་བུར་སྒྲིག་སྦྱོར་བྱས་པའི་གློག་ཁང་ཆེ་ཤོས་ཏེ་ཡེར་པ་ཐང་གློག་ཁང་ནས་སྤྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་ཏེ། ནུས་རྒྱུ་གཙང་མ་ཧྭ་ཀྲུང་ས་ཁུལ་དུ་ཟམ་མི་ཆད་པར་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྗང་མདོག་སྒུལ་ནུས་བསྣན་ཡོད།
2025ལོའི་ཟླ་12ཚེས་27ཉིན། ཡེར་པ་ཐང་གློག་ཁང་གི་འཕྲུལ་ཚན་ཁག་དང་པོ་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱིས་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་དུ་ཆེས་མཐོའི་གཞུ་དབྱིབས་ཆུ་རགས་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་ཁྱབ་ཁོངས་སུ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་224ཟིན་པ་དང་། ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10.80ཟིན་པ། འཆར་འགོད་བྱས་པའི་ལོའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་102ཟིན་ཡོད། འཁོར་སྐྱོད་བྱེད་འགོ་ཚུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་300ལྷག་ཙམ་གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་700ལྷག་ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།