ལྷ་སའི་མེ་འཁོར་ལས་ཚུགས་ཀྱིས་དཔྱིད་གསར་དུས་ཆེན་རིང་འགྲུལ་པ་མི་ཐེངས་ཁྲི་3.2སྐྱེལ་འདྲེན་བྱས་པ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་བ་དང་བསྟུན་ནས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་ལས་ཚུགས་ནང་ཁོངས་འགྲུལ་སྐྱེལ་འབབ་ཚུགས་ཁག་གིས་དུས་ཆེན་རྗེས་ཀྱི་ཕྱིར་ལོག་བྱེད་མཁན་མང་ཤོས་ཀྱི་དུས་མཚམས་བསུས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ལས་ཚུགས་དེས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་3.2སྐྱེལ་འདྲེན་བྱས་ཡོད།
དུས་ཆེན་རྗེས་ཕྱིར་ལོག་བྱེད་མཁན་འགྲུལ་རྒྱུན་གྱི་ཁྱད་ཆོས་ལ་དམིགས་ཏེ། ནག་ཆུ་དང་། ཨ་མདོ། གཞིས་རྩེ་སོགས་མེ་འཁོར་འབབ་ཚུགས་གཙོ་བོས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་རང་མིང་འགོད་ལམ་གྱི་ཞིབ་དཔྱད་ར་སྤྲོད་དང་། བདེ་འཇགས་ཞིབ་བཤེར། སྤ་སེ་ཞིབ་བཤེར་བཅས་ཀྱི་བགྲོད་ལམ་སྟབས་བསྟུན་ངང་ལེགས་སུ་བཏང་བ་མ་ཟད། འགྲུལ་པ་མང་བའི་དུས་སུ་ཞིབ་བཤེར་དུས་ཚོད་ལ་ཚོད་འཛིན་གནད་སྨིན་ཡང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།