དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི“བོད་ཀྱི་མིང་ཅན”གྱི་ཁྱད་ལྡན་ཐོན་རྫས་ཁག་དང་པོ་ཕྱིར་གཏོང་ལེགས་གྲུབ་བྱུང་བ།

    ཕྱིར་གཏོང་དངོས་ཟོག་གི་རིན་ཐང་སྒོར་ཁྲི་85.98ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-28

    2025ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁ་ཆེ་ཤ་སྐམ་དང་། བོད་ཕག སྦྲང་རྩི་སོགས“བོད་ཀྱི་མིང་ཅན”གྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་གངས་ལྗོངས་ས་མཐོ་ནས་ཕྱིར་གཏོང་བྱས་ཡོད། མིག་སྔའི་བར། ཕྱིར་གཏོང་ཁག་དང་པོ་བྱས་པའི་ཁྱད་ལྡན་ཐོན་རྫས་དེ་དག་རིམ་རྩིས་བརྒྱབ་ན་སྤྱི་རྒྱ་1979དང་རིན་ཐང་སྒོར་ཁྲི་85.98ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་འགག་སྒོའི་ཁོངས་གཏོགས་ཉིང་ཁྲི་འགག་སྒོས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུ་དེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ལ་དམིགས་པ་དང་། “ཀོན་ཀྲང་གིས་སྲིད་ཇུས་སྒོ་རྩར་ཁྱབ་གདལ་གཏོང་བ”དང“གཅིག་གཏད་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག”གི་ལམ་སྲོལ་ལ་བརྟེན་ནས་འགག་སྒོའི་ལས་དོན་པ་ཁེ་ལས་སུ་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཕྱིར་གཏོང་གི་འདོད་ཚུལ་ལ་བརྟག་ཞིབ་བྱས་པ་དང་འགག་སྒོས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་ཕྱིར་གཏོང་འགག་སྒྲོལ་གྱི་གནད་འགག་གནད་སྨིན་ངང་དྲིལ་བསྒྲགས་བྱས་ནས། ཁེ་ལས་ཀྱི་དགོས་མཁོ་ལྟར་ཐོན་རྫས་ལ་དམིགས་ནས་ཕྱིར་གཏོང་གི་ཇུས་གཞི་བཟོས་པ་མ་ཟད། ཕྱུགས་རིགས་སྨན་པའི(འཕྲོད་བསྟེན)ལག་ཁྱེར་དང་RCEPཐོན་ཡུལ་གྱི་ལག་ཁྱེར་དུས་ཐོག་ཏུ་སྤྲད་དེ་ཁྱད་ལྡན་ཞིང་ཞོར་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་གཏོང་ཐུབ་པར“གདིང་ཤུགས”བརྟན་པོ་མཁོ་འདོན་བྱས་ཡོད།

    དེས་མ་ཚད་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་བཏོན་པར་བརྟེན་ཉིང་ཁྲིའི་ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་མ་ཟད་ཁྱད་ལྡན་ཐོན་ལས་ཀྱི་ཕྱིར་གཏོང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་མའང་ཐེབས་ཡོད། 2025ལོར་ཉིང་ཁྲི་གྲོང་ཁྱེར་དུ་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་གཏོང་ལེན་གྱི་ཐོ་འགོད་བྱེད་མཁན་ཁེ་ལས་18མང་དུ་ཕྱིན་པ་དེ་དུས་མཚུངས་ལས་28.57%འཕར་ཡོད། སྦྲང་རྩིའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའི་གསོ་ཚགས་ར་བ་ཐོག་མར་ཕྱིར་གཏོང་ཐོ་འགོད་རག་པ་དང་། ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་བོད་ཕག་གསོ་ཚགས་ར་བ་ཐོག་མར་ཐོ་འགོད་རག་ནས་ཁྱད་ལྡན་ཐོན་རྫས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཕྱིར་གཏོང་ལ་རྨང་གཞི་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།