དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རང་རྒྱལ་གྱི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་དམིགས་ཚད་ཆེན་པོ་གསུམ་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-28

    ཚེས་26ཉིན་གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། 2025ལོར་རང་རྒྱལ་གྱི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་ཐོན་སྐྱེད་དམིགས་ཚད་གཙོ་བོ་ཆེན་པོ་གསུམ་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་152904.6དང་། སྦྲག་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་2186.4 གནམ་གྲུ་འབབ་འཕུར་ཐེངས་ཁྲི་1244.8བཅས་ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་4.8%དང་། 9.0% 0.4%བཅས་སོ་སོར་འཕར་ཡོད།

    དེ་ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2025ལོར་རྒྱལ་ཡོངས་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་ཐོན་སྐྱེད་བསྡོམས་རྩིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ལས་མངོན་པར། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་མངའ་ཁོངས་སུ་ལག་ཁྱེར་ལྡན་པའི་སྐྱེལ་འདྲེན་གནམ་ཐང་ཁྱོན་270ཡོད་པའི་ནང་དུས་བཀག་གི་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པའི་སྐྱེལ་འདྲེན་གནམ་ཐང་266དང་དུས་བཀག་གི་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར(ས་ཁུལ)261ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།