དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།

    ​གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་60%ཟིན་པ་དང་འཕྲུལ་མི་དང་འབྲེལ་བའི་ཁེ་བེད་བདག་ཐོབ་ཀྱིས་གསུམ་ཆ་གཉིས་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-28

    རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་གྲངས་གཞི་ལས་མངོན་པར། རྒྱལ་ནང་དུ་ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་ཁག་532ཟིན་ནས་འཛམ་གླིང་ཐོག་རྒྱལ་ནང་དུ་ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་འབོར་ཁྲི་500ལྷག་ཙམ་ཟིན་པའི་རྒྱལ་ཁབ་དང་པོར་གྱུར་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ནང་དུ་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་ནས་མི་འབོར་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁག་16ཟིན་ཡོད་པ་རེད། 2025ལོའི་བར། རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས་མིང་དོན་མཚུངས་པའི་ཁེ་བེད་བདག་ཐོབ་ཀྱི་རྒྱལ་ཁབ་ཆེན་པོར་གྱུར་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། དེ་ནི་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་སྐུལ་ལྕག་ཆེ་ཤོས་ཤིག་ཀྱང་རེད”ཅེས་གསུངས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་བྱའི་བདག་དབང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད། རང་རྒྱལ་དུ་རྒྱལ་ནང་གི་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་དེ་ཁྲི་100ཐེངས་དང་པོར་སླེབས་པར་ལོ་31འགོར་བ་དང་། ཁྲི་100ཐེངས་ལྔ་པར་སླེབས་པར་ཟླ་19ཡས་མས་ལས་འགོར་མེད་པ་རེད།

    ཁེ་བེད་བདག་ཐོབ་གསར་གཏོད་ཀྱིས་རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2025ལོའི་ལོ་མཇུག་བར། རྒྱལ་ནང་དུ་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་འབོར་ཁག་ཁྲི་229.2ཟིན་པ་དེའི་ནང་བཅུ་ཆ་བདུན་ནི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁོངས་སུ་གཏོགས་ཡོད་པ་རེད།

    ཁེ་བེད་བདག་ཐོབ་སྲུང་སྐྱོང་བྱེད་ཤུགས་དང་གཞན་སྒྱུར་བཀོལ་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མིག་སྔར། རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་ཆ་སྙོམས་ཞིབ་བཤེར་བྱེད་ཡུན་ཟླ་བ་15བར་ཐུང་དུ་ཕྱིན་ནས་གཅིག་མཚུངས་ཀྱི་ཞིབ་བཤེར་ལམ་ལུགས་འོག་རྒྱལ་སྤྱིའི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཤེས་བྱའི་བདག་དབང་སྲུང་སྐྱོང་ཐད་སྤྱི་ཚོགས་ཀྱིས་བློ་ཡིད་ཚིམ་ཚད་ལོ་རེ་བཞིན་མ་འདས་པར་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

    ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པ་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པ་ཞིག་རེད། 2026ལོའི་ཟླ་དང་པོའི་ཟླ་མཇུག་བར། རང་རྒྱལ་དུ་ཕྱི་རྒྱལ་རེ་ཞུ་མཁན་གྱི་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད་ཁག་ཁྲི་92.2ལྷག་ཙམ་ཟིན་ཡོད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དེ་བས་མང་བ་ཀྲུང་གོའི་ཤེས་བྱའི་བདག་དབང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བའི་མིག་མཐོང་ལག་ཟིན་མཁན་དང་དཔང་པོར་གྱུར་ནས་རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་གདེང་ཚོད་གང་ལེགས་མངོན་ཡོད་པ་རེད།

    རང་རྒྱལ་གྱི་ཤེས་བྱའི་བདག་དབང་འཕེལ་རྒྱས་དེ་མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར། མང་བ་ནས་ལེགས་པའི་བར་བཅས་དང་། ཁེ་བེད་བདག་ཐོབ་ཀྱི་ནང་དོན་དང་། པར་དབང་གི་འདུ་ཤེས། ཚོང་རྟགས་གྲགས་ཅན་གྱི་རིག་གནས་བཅས་མི་སེམས་སུ་གཏིང་ཟབ་ཟུག་པ། ཤེས་བྱར་བརྩི་འཇོག་དང་གསར་གཏོད་ལ་སྐུལ་ལྕག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ད་ཆ། ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོ་ནས་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་དུ་གྱུར་ཏེ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་སོང་བ་མ་ཟད། གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ཀྱང་སྔར་བས་འཕེལ་ངེས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།