“ཀྲུང་གོའི་བོད་ལྗོངས་ཀྱི་དཔྱིད་གསར་རིག་གནས་ཁྱབ་སྤེལ”གྱི་འཇར་མན་གྱི་ཆེད་དོན་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ།
དཔྱིད་གསར་དུས་ཆེན་རིང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་གླུ་གར་འཁྲབ་སྟོན་པ་ཚོས་འཇར་མན་གྱི་ཧྥ་ལན་ཁེ་ཧྥུའུ་སོགས་གྲོང་ཁྱེར་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མང་པོར་ཞུགས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་ལྟད་མོ་བ་ཚོ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རོལ་ཞིང་ལྷད་མེད་ཀྱི་རྟེན་འབྲེལ་ཞུས་པ་རེད།
ཟླ་2ཚེས་21ཉིན། སྒྱུ་རྩལ་ཚོགས་པས་ཧྥ་ལན་ཁེ་ཧྥུའུ་གྲོང་ཁྱེར་དང་ཧཱ་ནའོ་གྲོང་ཁྱེར་དུ་བོད་ཀྱི་མི་རིགས་གླུ་གར་འཁྲབ་སྟོན་བྱས་ཤིང་། ཧྥ་ལན་ཁེ་ཧྥུའུ་གླུ་གར་ཁང་རྙིང་པའི་ཐང་ཆེན་དང་ཧཱ་ནའོ་གྲོང་ཁྱེར་ལྟེ་བའི་ཚོང་ལས་ཁྲོམ་གཞུང་དུ་འཁྲབ་སྟོན་བྱས་པར་ས་གནས་དེ་གའི་དམངས་ཚོགས་མང་པོའི་ཡིད་དབང་བཀུག་ཡོད། འཁྲབ་སྟོན་པ་ཚོས་མཚར་སྡུག་རྣམ་པར་བཀྲ་བའི་བོད་རིགས་ཀྱི་རྒྱན་གོས་སྤྲས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ“གླིང་བྲོ”འཁྲབ་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱན་གོས“བ་ཚྭའི་རྒྱན་གོས”འགྲེམས་སྟོན་བཅས་བྱས་ཏེ་ས་གནས་དེ་གའི་དམངས་ཚོགས་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རོལ་ཞིང་ལྷད་མེད་ཀྱི་རྟེན་འབྲེལ་ཞུས་པ་རེད། བོད་ཀྱི་བྱང་རྩྭ་ཐང་གི་རིག་གནས་ཀྱི་གསོན་ཤུགས་དང་། བོད་མི་རིགས་ཀྱི་སེམས་རྩ་འཁོལ་ལ་བབ་ཆགས་པའི་གཤིས་རྒྱུད། ཀྲུང་གོ་དང་འཇར་མན་མི་དམངས་དབར་གྱི་མཛའ་མཐུན་སྤེལ་རེས་བཅས་འཇར་མན་གྱི་ཁྲོམ་གཞུང་དུ་མཉམ་འདྲེས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།