ཨུ་ཡོན་ཐན་ཝུན་དབྱིན་གྱིས་གསུངས་དོན།
དམངས་འཚོ་སེམས་ལ་བཅངས་ནས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་གི་ཡིན།
ད་ལོའི་ཟླ་2ཚེས་1ཉིན། 《ཐད་གཏོང་དྲ་ཚོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》དངོས་སུ་ལག་བསྟར་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཅང་ཤིས་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ཝུན་དབྱིན་དང་འཕྲད་སྐབས་ཁོང་གི་གློག་ཀླད་ཐོག་བྱ་ཐབས་ཀྱི་ནང་དོན་ཆ་ཚང་མངོན་བཞིན་ཡོད་པ་དང་། དེའི་ནང་གི་ཡིག་ཕྲེང་ཞིག་ལ་ཐན་ཝུན་དབྱིན་གྱིས“སྒེར་ཁོངས་ཐད་གཏོང་གི་ཟང་ཟིང་རྣམ་པ”དང་འབྲེལ་བ་བྱས་ན་ཆོག་ཅེས་མཆན་བཀོད་ཡོད་པ་རེད།
“ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ངས་སྒེར་ཁོངས་ཐད་གཏོང་གི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱེད་པའི་སྐོར་གྱི་གྲོས་གཞི་ཕུལ་ནས། སྒྲིག་སྲོལ་གསར་པ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒན་རྒོན་ཚོགས་སྤྱི་ཚུད་པའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་རེ་འབོད་བྱེད་རྩིས་ཡོད”ཅེས་ཐན་ཝུན་དབྱིན་གྱིས་བརྗོད་པ་དང་། འདི་ནི་ཁོང་གིས་ཡུན་རིང་དོ་ཁུར་བྱེད་པའི་བརྗོད་གཞི་ཞིག་རེད།
ཡུལ་སྐོར་དམངས་སྲོལ་གནས་ཚང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང“ཅིང་ཀང་ཧྲན”ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་པར་རྒྱབ་སྐྱོར་བྱེད་པ་ནས་མྱུར་བགྲོད་གཞུང་ལམ་དུ་རིན་མེད་འགྲོ་སྐྱོད་བྱེད་པའི་སྲིད་ཇུས་ལེཌ་སུ་གཏོང་བ་དང་འགྲུལ་སྐྱེལ་འབྲེང་ཟམ་རྙིང་པ་སྒྱུར་བཀོད་རིམ་སྤོར་མགྱོཌ་སུ་གཏོང་བའི་བར། ཐན་ཝུན་དབྱིན་གྱི་གྲོས་གཞིའི་ནང་དོན་མང་ཆེ་བ་འཇུག་སྒོ་ཆུང་བ་དང་། དམིཌ་ས་གནད་ལ་འཁེལ་བ། ལག་ལེན་ཏན་ཏིག་ཐུབ་པ་བཅས་ལས་དམངས་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པས། གྲོས་གཞི་དང་གྲོས་འགོ་མང་པོ་ཞིག་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་པ་མ་ཟད་སྲིད་ཇུས་བྱ་ཐབས་ལ་བསྒྱུར་ཡོད་པ་རེད།
རང་རྒྱལ་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་གི་འགྲུལ་སྐྱེལ་འབྲེང་ཟམ་འཛུགས་སྐྲུན་བལྟོས་བཅས་རྗེས་ལུས་ཐེབས་པའི་ད་ཡོད་གནས་ཚུལ་ལ་དམིགས་ནས། ཁོང་གིས་རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིབ་མཆན་གྱི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། ཕྱོགས་ཁག་གི་ཐུན་མོང་སྐུལ་འདེད་འོག རྒྱལ་ཁབ་ཀྱིས《ཡུལ་ལྗོངས་གྲགས་ཅན་ཁུལ་གྱི་སྲོལ་ཡིག》སོགས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་ལ་བཟོ་བཅོས་བརྒྱབ་ནས་འཆར་འགོད་ཞིབ་མཆན་ལམ་ལུགས་ལེགས་སུ་བཏང་ཞིང་། ཅིང་ཀང་ཧྲན་དང་། ཀྲང་ཅ་ཅེ། ཧོང་ཧྲན། ལི་ཅང་སོགས་ས་གནས་ཀྱིས་སྔ་རྗེས་སུ་འཆར་འགོད་ལེགས་སྒྲིག་བྱས་ཏེ་འབྲེང་ཟམ་གསར་སྐྲུན་ནམ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།
2025ལོར། ཁོང་གིས་ཕུལ་བའི་གྲོས་གཞི་ཁག་ལྔ་ཡི་ནང་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཁེ་བེད་བདག་ཐོབ་སྒྱུར་བ། ཚད་འཇལ་བཅའ་ཁྲིམས་བཟོ་བཅོས། ས་ཁོངས་སྤྱི་སྤྱོད་སྤུས་རྟགས་གཏོད་པ། ཁེ་བེད་བདག་ཐོབ་ཞིབ་བཤེར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། དེ་དག་གིས་གཞི་ཆེའི་མཐོང་རྒྱར་བསམ་གཞིག་བྱས་ཡོད་ལ་དོན་གཉེར་སྤྱོད་སྒོ་ཆོད་པའི་ཐབས་ཇུས་ཀྱང་བཏོན་ཡོད་པ་རེད།
“མི་སེར་གྱིས་སེམས་ཁུར་བྱེད་པའི་ཞིབ་ཕྲའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ནི་དམངས་འཚོ་ལེགས་སུ་གཏོང་བ་དང་བདེ་རྩ་ཆེ་རུ་གཏོང་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་པའི་མཚོན་ཚུལ་ཞིག་ཡིན”ཞེས་ཐན་ཝུན་དབྱིན་གྱིས་ལུས་ཐོག་ཏུ་ཁྱེར་བའི་འགན་སྒྲུབ་ཟིན་བྲིས་དེབ་ནང་དེ་ལྟར་བྲིས་ཡོད་པ་དང་། ཡིག་འབྲུ་མང་པོ་འཁོད་པའི་ཟིན་བྲིས་དེབ་ནང་བརྟག་ཞིབ་བྱེད་རིང་གི་མཐོང་ཐོས་སྣ་ཚོགས་དང་མྱོང་ཚོར་སྣ་ཚོགས་བཀོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།