དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སློབ་མར་སྤྱིར་ན་རྒྱང་སྒྲིབ་ཕོག་ཚད་ཐེངས་བཞི་བསྟུད་མར་ཆག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-28

     ཚེས་25ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟུར་འཐེན་ཚད་འཇལ་བྱས་འབྲས་ལས་མངོན་པར། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཟུགས་གཞི་བདེ་ཐང་སྤྱིའི་ཆ་ནས་ལེགས་ཚད་2016ལོ་ལས་བརྒྱ་ཆའི་གྲངས་9.3མཐོ་རུ་སོང་བ་དང་། སློབ་མའི་གཟུགས་པོའི་རིང་ཚད་དང་དབུགས་ཤེད་ཆེ་ཆུང་སོགས་ཀྱི་དམིགས་ཚད་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ཡོད། རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་ཐད། 2021ལོ་ནས་2024ལོའི་བར་རྒྱལ་ཡོངས་ཀྱི་སློབ་མར་སྤྱིར་ན་རྒྱང་སྒྲིབ་ཕོག་ཚད“ཐེངས་བཞི་བསྟུད་མར་ཆག”པ་དང་། 2024ལོར་བརྒྱ་ཆ་50.3%བར་ཆག་པ་དེ་2018ལོ་ལས་བརྒྱ་ཆའི་གྲངས་3.3ཆག་སྟེ་ལོ་ལྟར་བརྒྱ་ཆའི་གྲངས་0.5ཆག་པའི་སྔོན་འགོག་ཚོད་འཛིན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

    སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཐད་མིག་སྔར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་གི“སྔོན་འགོག་གསུམ”གྱི་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱེད་ཚད་དང་། ཟ་རོགས་ལམ་ལུགས་དོན་འཁྱོལ་བྱེད་ཚད། ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་ཚད། བཟའ་བཅའི་ལྟ་སྐུལ་ཁྱིམ་བདག་ཨུ་ཡོན་ལྷན་ཁང་ཁྱབ་ཚད། དགེ་སློབ་དང་ཁྱིམ་བདག་གི་ཞུ་གཏུག་ཐག་གཅོད་བྱེད་ཚད། སློབ་གྲྭར་ལྟ་སྐུལ་འགན་འཁྲི་ཟླ་རེར་སྤེལ་བའི“སློབ་གྲྭའི་བཟའ་བཅའི”ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཁྱབ་ཚད་སོགས་གཞི་རྩའི་ཆ་ནས“100%དྲུག”གི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། “དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་འབྲེལ”ཁྱབ་ཚད་99.9%ཟིན་པ། རྫོང་ཁོངས་དང་དེ་ཡན་ལ་སློབ་གསོ་དང་ཁྲོམ་ར་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་འབྲེལ་མཐུད་ཐུབ་ཚད་99.3%ཟིན་ཡོད་པ་རེད།

    སློབ་གསོ་པུའུ་ཡིས་སློབ་མའི་གཟུགས་གཞི་བདེ་ཐང་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་སློབ་མའི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། སློབ་གསོའི་གདེང་འཇོག་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་སྟེ། “བདེ་ཐང་ཨང་དང་པོ”དོན་འཁྱོལ་བྱ་ཆེད་འབྱུང་ཁུངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཡང་དག་པའི་སློབ་གསོའི་སྲིད་དོན་ལས་རྗེས་ལྟ་བ་བཙུགས་ནས་སྐར་གྲངས་ཁོ་ན་དང་སློབ་འཕར་ཁོ་ནའི་ནོར་འཁྲུལ་གྱི་སྟོན་ཕྱོགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། སློབ་གསོའི་ཆོས་ཉིད་དང་སློབ་མ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་གྲུབ་འབྲས་ལ་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩི་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།