“དཔྱིད་གསར་དུས་ཆེན་དེ་རིག་གནས་མི་འདྲ་བའི་དབར་སྤེལ་རེས་བྱེད་སའི་སྐར་ཁུང་ཞིག་ཏུ་གྱུར་པ”
“ངས་དེ་སྔ་ཀྲུང་གོར་སློབ་སྦྱོང་དང་འཚོ་བ་བསྐྱལ་ནས་ལོ་མང་སོང་བ་དང་གྲོགས་པོ་ཀྲུང་གོ་བ་ཚོ་དང་དཔྱིད་གསར་དུས་ཆེན་མང་པོ་མཉམ་དུ་བཏང་ནས་དཔྱིད་གསར་གྱི་ཆ་ཡིག་འབྲི་བ་དང་། ཁྲ་མའི་སྦྱར་རིས་བྲེགས་པ། ཅའོ་ཙེ་བཟོ་བ་སོགས་གོམས་སྲོལ་དེ་དག་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད”སོ་ཏིའི་རི་ཡ་ཏེའི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨ་པུ་ཏུའུ་ལེ-ཨ་ཆི་ཙེ·ཧྲ་པ་ཉིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས“ལོ་ལྟར་གྱི་དུས་སྐབས་འདིར་ཀྲུང་གོའི་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་གང་སར་དགའ་སྟོན་རྣམ་པ་མཚོན་པའི་མཛེས་རྒྱན་དེ་དག་སྤྲས་ནས་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་པར་བྱེད་ཀྱི་ཡོད། ངའི་ངོས་ནས་བཤད་ན་སྐབས་དེ་དུས་རྒྱལ་ཁབ་གཞན་དུ་ཡོད་ཀྱང་མཉམ་འཛོམས་ཀྱི་དྲོ་སྐྱིད་སྔར་བཞིན་ཚོར་གྱི་ཡོད”ཅེས་བཤད།
“ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་དཔྱིད་གསར་དུས་ཆེན་ལས་བརྩེ་སེམས་ཟབ་མོ་མངོན་པ་མ་ཟད། ཀྲུང་གོའི་རིག་གནས་ཀྱི་འཆམ་མཐུན་དང་། བཀྲ་ཤིས་པ། ཕུན་སུམ་ཚོགས་པ་བཅས་དོན་གཉེར་བྱེད་ལུགས་དེ་བས་ཀྱང་མངོན་གྱི་ཡོད། དཔྱིད་གསར་དུས་ཆེན་ཡག་པོ་གཏོང་བ་ལས་ལོ་གསར་པའི་ནང་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུས་ཏེ་མ་འོངས་པའི་འཚོ་བར་རེ་སྒུག་ཆེན་པོ་བྱེད་པ་མཚོན་གྱི་ཡོད་པས་དེའི་ནང་རིག་གནས་ཀྱི་སྙིང་དོན་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་འདུས་ཡོད”ཧྲ་པ་ཉིས་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་ཞིག་ཡིན་པའི་ངོས་ནས་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་དང་། གུས་ལུགས། བཟའ་བཏུང་སོགས་སྲོལ་རྒྱུན་དེ་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱས་པ་དང་འབྲེལ། དེང་དུས་ཀྱི་འཚོ་བའི་ཁྲོད་མཚོན་ཚུལ་སྣ་མང་ཡོད་ལ་དེའང་དཔྱིད་གསར་དུས་ཆེན་གྱི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་སྔར་བཞིན་རྒྱུན་འཁྱོངས་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་རེད་ཅེས་བརྗོད་པ་རེད།
2025ལོ་ནི་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་རེད་ལ“ཀྲུང་སའི་རིག་གནས་ལོ”དང་པོ་དེའང་ཡིན་ཞིང་། ཕྱོགས་གཉིས་པོས་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིག་གནས་སྤེལ་རེས་མཉམ་ལས་ཟབ་ཏུ་དང་དམངས་ཚོགས་ཀྱི་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་བས་དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། ཧྲ་པ་ཉིས་ས་ཀྲུང་རིག་གནས་ཁྲོད་མཐུན་པའི་ཆ་ཡོད་པ་དང་དཔྱིད་གསར་དུས་ཆེན་གྱིས་ཁྱིམ་ཚང་གི་རིན་ཐང་ལ་མཐོང་ཆེན་བྱེད་ལུགས་མངོན་གསལ་དོད་པོ་ཡོད་ལ། སོ་ཏི་ཨ་རབ་ཀྱིས་ཀྱང་གཉེན་ཉེའི་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། སོ་ཏི་ཨ་རབ་ཏུ་ལོག་ནའང་ངས་སྔར་བཞིན་དཔྱིད་གསར་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་བྱུང་བ་དཔེར་ན། ཀྲུང་གོའི་སྲོལ་རྒྱུན་འཁྲབ་སྟོན་ལ་ལྟ་བ་དང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་ཐུབ་པ། ཀྲུང་གོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་སོགས་རེད། ངས་སོ་ཏི་ཨ་རབ་ཀྱི་དམངས་ཚོགས་མང་པོ་དེའི་ནང་ཞུགས་པ་མཐོང་བྱུང་། སོ་ཏི་ཨ་རབ་ཀྱི་གྲོགས་པོ་དེ་བས་མང་བས་རང་འགུལ་ངང་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་གོམས་སྲོལ་ཤེས་རྟོགས་བྱས་ཏེ་དཔྱིད་གསར་དུས་ཆེན་དེ་རིག་གནས་མི་འདྲ་དབར་སྤེལ་རེས་ཀྱི་སྐར་ཁུང་ཞིག་ཏུ་གྱུར་བཞིན་ཡོད་པས་ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།