དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོར་ཀྲུང་གོ་དང་འཇར་མན་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.51ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-28

     ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2025ལོར་ཀྲུང་གོ་དང་འཇར་མན་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.51ཟིན་པ་དེ་2024ལོ་ལས་5.2%འཕར་བ་དང་། དེའི་ནང་འཇར་མན་ལ་ཕྱིར་གཏོང་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་8463ཟིན་པ་དང་འཇར་མན་ནས་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་6643ཟིན་ཡོད། འཇར་མན་དེ་ཉིད་མུ་མཐུད་ཡོ་རོབ་ཀྱི་ཀྲུང་གོའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་ཀྲུང་གོ་ཉིད་ལོ་གཅིག་གི་རྗེས་སུ་སླར་ཡང་འཇར་མན་གྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་རེད།

    ཐོན་རྫས་ནས་བལྟས་ན། 2025ལོར་ཀྲུང་གོ་དང་འཇར་མན་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.07ཟིན་པ་དེ་2024ལོ་ལས་5.8%འཕར་བ་དེས་ཀྲུང་གོ་དང་འཇར་མན་གྱི་ཚོང་དོན་གཞི་ཁྱོན་གྱི་70.8%བཟུང་ཡོད། དེའི་ནང་རླངས་འཁོར་དང་དེའི་ལྷུ་ལག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་1315ཟིན་པ་དེས་ཀྲུང་གོ་དང་འཇར་མན་གྱི་འཕྲུལ་གློག་ཐོན་རྫས་ཉོ་ཚོང་གཞི་ཁྱོན་གྱི་12.3%བཟུང་ཡོད། གློག་རྡུལ་ལྷུ་ལག་ཆེ་གྲས་དང་། གློག་ཀླད་དང་དེའི་ལྷུ་ལག ཚད་འཇལ་ཞིབ་དཔྱད་དབྱེ་ཞིབ་ཡོ་བྱད་བཅས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་740དང་། མི་དམངས་ཤོག་སྒོར་དུང་ཕྱུར་738 མི་དམངས་ཤོག་སྒོར་དུང་ཕྱུར་598བཅས་སོ་སོར་ཟིན་ཡོད། དུས་མཚུངས་སུ་ཀྲུང་གོ་དང་འཇར་མན་གྱི་སྨན་རྒྱུ་དང་སྨན་རྫས་དང་གཞི་རྩའི་སྐྱེ་ལྡན་རྫས་འགྱུར་དངོས་རྫས་སོགས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་657དང་མི་དམངས་ཤོག་སྒོར་དུང་ཕྱུར་184སོ་སོར་ཟིན་པ་དང་། 3Dཔར་འདེབས་འཕྲུལ་འཁོར་དང་བཟོ་ལས་འཕྲུལ་མི་སོགས་གསར་དར་ཁྱབ་ཁོངས་ཀྱི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་26དང་མི་དམངས་ཤོག་སྒོར་དུང་ཕྱུར་10སོ་སོར་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།