“དེང་རབས་ཀྱི་ནུས་རྒྱུའི་དར་གོས་ལམ་བུ”བརྗོད་དོན་གཙོ་བོར་བྱས་པའི་སྒོ་དབྱེའི་ཉིན་མོ་ཨ་ལ་མུའུ་ཐུའུ་རུ་སྤེལ་བ།
ཟླ་2ཚེས་25ཉིན “དེང་རབས་ཀྱི་ནུས་རྒྱུའི་དར་གོས་ལམ་བུ”བརྗོད་དོན་གཙོ་བོར་བྱས་པའི་སྒོ་དབྱེའི་ཉིན་མོ་དང་ཀྲུང་གོའི་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་རུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོས“རྔ་མོང་གི་དྲིལ་བུ་ནས་རླུང་རྩའི་བར་དང་། དཔྱིད་གསར་དུས་ཆེན་ནས་འབྱུང་འགྱུར་བར”བརྗོད་དོན་གཙོ་བོར་བྱས་པ་ཞིག་ཡིན་པ་དེ་ཀྲུང་གོ་རྡོ་སྣུམ་རྒྱལ་སྤྱིའི་མདོང་ལམ་ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་མ་རྩ་མཉམ་འཇོག་ཀུང་སིས་གཙོ་གཉེར་བྱས་པ་དང་། འཆད་ཁྲིད་དང་། འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པ་བརྒྱུད་ཀྲུང་ཧྭའི་རིག་གནས་སྤེལ་རེས་དང་ནུས་རྒྱུའི་མཉམ་ལས་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད། ཨ་ལ་མུའུ་ཐུའུ་རུ་བཅའ་སྡོད་ཀྲུང་གོའི་ས་གནས་སྤྱི་ཁྱབ་གཞུང་ཚབ་ལུའེ་དབྱི་དང་། ཧ་སག་སི་ཐན་ཀྲུང་དབྱང་རྒྱལ་ཁབ་རྟེན་མཛོད་ཁང་གི་ལས་ཚབ་ཀོན་ཀྲང་ས་ལུའོ་ཕུའུ། ཨ་ལ་མུའུ་ཐུའུ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་པེ་ཁེན། ཀྲུང་གོ་རྡོ་སྣུམ་རྒྱལ་སྤྱིའི་མདོང་ལམ་ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་མ་རྩ་མཉམ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁའེ་དབྱི་པོ་ཕུའུ་བཅས་བྱེད་སྒོར་ཞུགས་པ་དང་འབྲེལ། ཤིས་ཚིག་ཀྱང་གསུངས་ཤིང་། ཀྲུང་ཧའི་ཁེ་ལས་ཀྱི་འཐུས་མི་སོགས་མི་200ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།