དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་སྤྱི་བདེས་དཔྱིད་གསར་དུས་ཆེན་རིང་འགྲུལ་པ་དུང་ཕྱུར་1.21གི་ཕྱིར་སྐྱོད་བདེ་འཇགས་བསྲུངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-27

     སྤྱི་བདེ་པུའུ་ལྕགས་ལམ་སྤྱི་བདེ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་ཉེན་རྟོག་པ་ཡོངས་ཀྱིས་བརྟན་སྲུང་དང་བསྟུད་མར་དམག་འཐབ་བརྒྱབ་ནས། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཁག་1885གྲལ་བཤེར་དང་བཅོས་སྒྲིག་བྱས་པ་དང་། འགྲུལ་པར་སྒོར་ཁྲི་918ལྷག་རི་བའི་བོར་བརླག་རྒྱུ་དངོས་བཙལ་ནས་སྤྲད་པ། བདེ་སྲུང་ཐད་ཀྱི་ཁྲིམས་འགལ་མི་སྣ་381ལ་ཞིབ་བཤེར་ཐག་གཅོད་བྱས་པ། དྲ་ཐོག་བྲོས་བྱོལ་པ་95འཛིན་བཟུང་བཅས་བྱས་ནས། ལྕགས་ལམ་ཁོངས་གཏོགས་ཀྱི་ཆབ་སྲིད་བདེ་འཇགས་དང་བདེ་སྲུང་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་བྱས་ཏེ། འགྲུལ་པ་དུང་ཕྱུར་1.21གི་བདེ་འཇགས་བསྲུངས་པ་རེད།

    རིམ་ཁག་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས“འཕྲིན་འདོམས་སྤྱོད་གསུམ”གཞི་གཅིག་ཅན་གྱི་འཁོར་སྐྱོད་ལམ་སྲོལ་ཟབ་ཏུ་བཏང་ནས་འགྲུལ་རྒྱུན་ལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་འགྲུལ་སྐྱེལ་འབབ་ཚུགས་101ཏུ་དྲ་མིག་ཅན་གྱི་ཉེན་རྟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། “ལྕགས་ཀྱི་གླག་རྒོད”ཡན་ལག་རུ་ཆུང་གི་རུ་མི་འབབ་ཚུགས་དང་མེ་འཁོར་ནང་དུ་བཀོད་སྒྲིག་བྱེད་པ། “རྐུ་འཕྲོག་བསླུ་གསུམ”སོགས་འགྲུལ་པའི་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། འཆལ་རྩེད་དང་ར་བཟི་ནས་རྙོག་དྲ་བཟོ་བ་སོགས་ཀྱི་བདེ་འཇགས་གནད་དོན་ལ་ཞིབ་བཤེར་ནན་པོ་བཅས་བྱས་ནས། འབབ་ཚུགས་དང་མེ་འཁོར་གྱི་བདེ་འཇགས་ཁོར་ཡུག་ལེགས་སུ་བཏང་བ་རེད། ལྕགས་ལམ་སོགས་ཚན་པ་དང་མཉམ་དུ་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་པ་དང་། བདེ་འཇགས་ཞིབ་བཤེར་ཐད་ཀྱི“སྐོར་ཞིབ་དང་ལྟ་སྡོམ་ལས་གནས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིམ་རྩིས་བརྒྱབ་ན་ལྕགས་ལམ་ཁེ་ལས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་བཀག་སྡོམ་ཚོད་འཛིན་རིགས་ཀྱི་དངོས་རྫས་ཁག་ཁྲི་74ལྷག་རྩད་ཆོད་ཐུབ་པ། ས་གནས་ཀྱི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་འབབ་ཚུགས་མཐའ་འཁོར་གྱི་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་ཁྲི་1.8ལྷག་བཅོས་སྒྲིག་བྱས་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི“མཐའ་མའི་འགག་གནད”བསལ་བ་རེད། ས་གནས་ཁག་གི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ད་དུང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མེ་འཁོར་འབབ་ཚུགས་དང་དེ་བཞིན་མེ་འཁོར་ནང་དུ་རྐུན་འགོག་བསླུ་འགོག་སོགས་སྐོར་གྱི་བདེ་འཇགས་རྒྱུན་ཤེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་ཆབས་ཅིག དམངས་ཕན་དམངས་བདེའི་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས། ནུས་ཤུགས་ཡོད་རྒུས་འགྲུལ་པ་མང་ཚོགས་ཀྱི་དཀའ་ངལ་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།