དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཀུང་སིས་ཨ་རི་སྲིད་གཞུང་ཁྲིམས་ལ་གཏུགས་ནས་སྒོ་ཁྲལ་ཆ་ཚང་ཕྱིར་སློག་དགོས་པའི་རེ་བ་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཀུང་སིས་ཉིའུ་གཡོད་གྲོང་ཁྱེར་དུ་གནས་པའི་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས། ཨ་རིའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་དང་དེ་བཞིན་ཨ་རི་སྲིད་གཞུང་ལ་ཨ་རིའི《རྒྱལ་སྤྱིའི་ཛ་དྲག་གི་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》གཞིར་བཟུང་ཁེ་ལས་ཀྱི་ས་ནས་བསྡུས་པའི་འབྲེལ་ཡོད་ནང་འདྲེན་སྒོ་ཁྲལ་ཆ་ཚང་ཕྱིར་སློག་དགོས་པའི་རེ་བ་བཏོན་པ་རེད།

    ཞུ་གཏུག་ཡི་གེའི་ནང་བརྗོད་དོན། ཉིན་ཤས་གོང་། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཨ་རིའི་ཙུང་ཐུང་གིས《རྒྱལ་སྤྱིའི་ཛ་དྲག་གི་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》ལུང་དྲངས་ནས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ་བསྡུས་པའི་སྒོ་ཁྲལ་རྩིས་མེད་དུ་བཏང་བ་རེད། རྒྱལ་སྤྱིའི་ཚོང་དོན་ཁྲིམས་ཁང་ལ་ནང་འདྲེན་ཚོང་པས་འཇལ་བའི་འབྲེལ་ཡོད་ཁྲལ་དངུལ་ཕྱིར་སློག་གི་ཁྲུན་ཐག་གཅོད་དབང་ཡོད། དེར་བརྟེན། ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མར་འཇལ་བའི་འབྲེལ་ཡོད་སྒོ་ཁྲལ་ཚང་མ་ཕྱིར་སློག་དགོས་པའི་རེ་བ་བཏོན་པ་རེད།

    ཉིན་ཤས་གོང་། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲུན་ཐག་ཡོངས་བསྒྲགས་བྱས་ཏེ། ཨ་རིའི《རྒྱལ་སྤྱིའི་ཛ་དྲག་གི་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》ནང་ཙུང་ཐུང་ལ་དངུལ་གྲངས་མང་བའི་སྒོ་ཁྲལ་བསྡུ་བའི་དབང་ཆ་སྤྲད་མེད་པའི་ངོས་འཛིན་བྱས་པ་དང་། ཨ་རིའི་པིན་ཤིས་ཧྥ་ཉི་ཡཱ་སློབ་ཆེན་ཝོ་ཏུན་ཚོང་ལས་སློབ་གླིང་གི་སྔོན་རྩིས་དཔེ་དབྱིབས་ཀྱི་ཚོད་རྩིས་ལ་གཞིགས་ན། ཆེས་མཐོའི་ཁྲིམས་ཁང་གི་སྒོ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲུན་གཅོད་ཁྲལ་སློག་དངུལ་འབོར་ཨ་སྒོར་དུང་ཕྱུར་1750ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།