དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་སློབ་སྦྱོང་བྱེད་པ་དེ་ཐ་ཇིག་སི་ཐན་གྱི་ སློབ་མའི་གདམ་ག་ཡག་ཤོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-27

    ཀྲུང་གོར་སློབ་སྦྱོང་བྱེད་པ་ནི་སྤུས་ལེགས་ཀྱི་སློབ་གསོ་མྱོང་བ་དང་དགོས་མཁོ་ཆེ་བའི་སྐད་ཡིག་ཁོང་དུ་ཆུད་པ་བྱས་ཏེ་གོ་ལ་ཧྲིལ་པོའི་ལས་རིགས་ཁྱབ་ཁོངས་སུ་འཇུག་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཐ་ཇིག་སི་ཐན་གྱི་སློབ་མའི་ངོས་ནས་བརྗོད་ན། དེ་སྔ“གཞན་ཡུལ”ལ་བརྩི་བའི་ཀྲུང་གོ་འདི་ཉིད་འདས་ཟིན་པའི་ལོ་10ཡི་ནང་ཡིད་དབང་འཕྲོག་ཤོས་ཀྱི་མཐོ་རིམ་སློབ་གསོའི་གདམ་ག་བྱ་ཡུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    ཐ་ཇིག་སི་ཐན་གྱི་སློབ་འབྲིང་སློབ་མ་དེ་བས་མང་བས་སློབ་གྲྭ་མ་ཐོན་གོང་ནས་རྒྱ་ཡིག་སྦྱོང་འགོ་ཚུགས་ཤིང་། ཀྲུང་གོའི་མཐོ་སློབ་ནི་ཁོ་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་བྱ་ཡུལ་གྱི་གྲས་སུ་བརྟན་པོ་ཚུད་ཡོད་པ་རེད། ཐ་ཇིག་སི་ཐན་སྨྱན་སྦྱོར་གྱིས། འཕེལ་ཕྱོགས་དེ་ནི་དཔལ་འབྱོར་གྱི་དོན་དངོས་དང་། ལས་རིགས་ཀྱི་མདུན་ལམ། འགྲོ་སོང་འོས་ཤིང་འཚམ་པ། གོ་ལ་ཧྲིལ་པོའི་གནས་བབ་ཀྱི་འགྱུར་ལྡོག་སོགས་རྒྱུ་རྐྱེན་མང་པོ་ཞིག་ལས་བྱུང་བ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། གོ་ལ་ཧྲིལ་པོར་རྒྱ་ཡིག་སྦྱོང་མཁན་མི་གྲངས་དུང་ཕྱུར་2ལས་བརྒལ་བ་དང་། རྒྱལ་ཁབ་90ཡིས་རྒྱ་ཡིག་དེ་རང་རྒྱལ་ཁབ་ཀྱི་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ཡོད་པ་རེད། རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ནས་ཡོང་བའི་བདམས་ཐོན་པ“རྒྱ་སྐད་ཟམ་པ”སོགས་རྒྱལ་སྤྱིའི་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་འཕྲོག་སྟེ། རྒྱ་ཡིག་སྦྱོང་བའི་ཀུན་སློང་ལའང་དེ་དང་བསྟུན་ནས་འགྱུར་ལྡོག་ཕྱིན་ཡོད། དེ་སྔོན་མི་མང་ཆེ་བས་རིག་གནས་སམ་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་དབང་གིས་རྒྱ་ཡིག་སྦྱངས་པ་ཡིན་མོད། འོན་ཀྱང་ད་ཆ་དེ་བས་སྤྱོད་གོ་ཆོད་པའི་དབང་གིས་རྒྱ་ཡིག་སྦྱོང་གི་ཡོད་ཅིང་། རྒྱ་ཡིག་ཡག་པོ་ཤེས་ན་སློབ་གསོ་ཟབ་སྦྱོང་དང་ལས་རིགས་འཕེལ་རྒྱས་ལ་བགྲོད་ལམ་ཡངས་པོ་བཏོད་ཐུབ་པ་དང་། ལྷག་པར་དུ། ཚོང་ལས་དང་། རྒྱལ་སྤྱིའི་མཉམ་ལས། མཉམ་འབྲེལ་རྣམ་གྲངས་བཅས་ཀྱི་ཁྱབ་ཁོངས་སུ་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།

    ཀྲུང་གོའི་མཐོ་རིམ་སློབ་གསོའི་མ་ལག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཚན་རིག་ཞིབ་འཇུག་དང་། རྨང་གཞིའི་སྒྲིག་བཀོད། རྒྱལ་སྤྱི་ཅན་གྱི་རྣམ་གྲངས་བཅས་ལ་མ་དངུལ་འབོར་ཆེན་བཏང་ཡོད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་གོའི་མཐོ་སློབ་ཀྱི་སློབ་གནས་ཁས་ལེན་བྱེད་ཚད་ཉིན་བཞིན་མཐོ་རུ་འགྲོ་བཞིན་ཡོད། ནུས་གོང་གཉིས་ཀ་ཡག་པོ་ཡོད་པ་དེའང་འགག་རྩའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། སློབ་མ་མང་པོ་ཞིག་གི་ངོས་ནས་བརྗོད་ན། ཀྲུང་གོར་སློབ་སྦྱོང་བྱེད་པ་ནི་ཡོ་རོབ་དང་ཨ་རིར་སློབ་སྦྱོང་བྱེད་པ་ལས་ཀྱང་དོན་སྙིང་དེ་བས་ཆེ་བ་ཡོད་པ་རེད།

    —— ཨ་ཟེར་བྷེ་ཇན་གྱི《ལི་ཧའེ་སྦྲག་སྲིད་ཚགས་པར》དུ་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།