དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གསར་སྤེལ་ཁུལ་གྱི་བྱེད་ཐབས་47གྱིས“འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པར”ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-27

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས《2026ལོའི་དུས་ཚིགས་དང་པོའི་གཙོ་གནད་ལས་དོན་འཆར་གཞིའི་བཀོད་སྒྲིག》བཀྲམ་ནས་གཙོ་གནད་ཁྱབ་ཁོངས་13ལ་དམིགས་ཏེ་ཞིབ་ཕྲའི་བྱེད་ཐབས་47བཏོན་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོའི་བཟོ་ལས་དཔལ་འབྱོར་ལ“འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པའི”འགན་ལེན་བྱས་ཏེ། ལོ་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད།

    འཆར་གཞིའི་བཀོད་སྒྲིག་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་པོར་དམིགས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཡོད། ཟི་ལིང་གསར་སྤེལ་ཁུལ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་རྒྱུན་གཏན་དོ་དམ་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རླུང་ཁམས་དང་། ཆུ། ཟོག་སྙིགས་སོགས་ཁྱབ་ཁོངས་ཀྱི་ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཁོར་ཡུག་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུའང་གཏོང་རྒྱུ་རེད། སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལག་རྩལ་སྒྱུར་བཅོས་ལག་བསྟར་བྱེད་པ། ནན་ཁྲོན་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ལྗང་མདོག་བཟོ་གྲྭ་དང་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་རེད། ཟི་ལིང་གསར་སྤེལ་ཁུལ་གྱིས་བཟོ་ལས་དཔལ་འབྱོར་འཕར་སྣོན་གཏོང་བ་དེ་ལྟེ་བའི་དམིགས་ཚད་དུ་བྱས་ནས་མདོག་ལྡན་ལྕགས་རིགས་དང་། ཤེལ་སྭེལ། ལིས་གློག་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ཏེ་གནད་སྨིན་ཇུས་བསྟར་བྱེད་པ་དང་། ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་རའི་མཁོ་སྤྲོད་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་གི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། “ལས་རིགས་གཅིག་ལ་ཐབས་ཇུས་གཅིག”གི་བྱེད་ཐབས་གཏན་འབེབས་བྱས་ཡོད།

    “རྣམ་གྲངས་ཨང་དང་པོར་འཇོག་རྒྱུ”མཐའ་འཁྱོངས་བྱས་ཏེ་གཙོ་གནད་རྣམ་གྲངས་འགན་གཙང་ལེན་པའི་ལམ་སྲོལ་བཙུགས་ནས་དུས་ཚིགས་དང་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་23.6ཡན་གཏོང་བའི་བརྩོན་ལེན་བྱས་པ་དང་འབྲེལ། སྐྲུན་བཞིན་པའི་རྣམ་གྲངས་70ལྷག་ཙམ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།