དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་43.2སྐྱེལ་འདྲེན་བྱས་པ།
ན་ནིང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་5.19%འཕར་བ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་15ཉིན་ནས་ཚེས་23ཉིན་བར་གྱི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་43.2སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་5.19%འཕར་ཡོད། ཟླ་2ཚེས་23ཉིན་ཏེ་འགྲུལ་པ་མང་བའི་ཉིན་མོར་འགྲུལ་པ་མི་ཐེངས་ཁྲི་7.05སྐྱེལ་འདྲེན་བྱས་པ་དང་། གུང་གསེང་རིང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་4.8སྐྱེལ་འདྲེན་བྱས་པ། གཉེན་འཕྲད་དུ་འགྲོ་མཁན་དང་། གླ་པ་རྒྱུག་མཁན། ཡུལ་སྐོར་བྱེད་མཁན་བཅས་ཀྱི་འགྲུལ་རྒྱུན་སྤུས་ཚད་མཐོ་པོས་སྐྱེལ་འདྲེན་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
དུས་ཆེན་རིང་ཕྱིར་སྐྱོད་ཀྱི་དགོས་མཁོར་འགན་ལེན་བྱ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་12306ཡི་གྲངས་གཞི་ཆེན་པོའི་འགུལ་རྣམ་ལ་བརྟེན་ནས་སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་བྱས་པ་དང་། ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན་སོགས་འགྲུལ་རྒྱུན་གཅིག་སྡུད་ཀྱི་ལམ་ཐིག་དང་དུམ་བུ་གཙོ་བོར་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག གོར་མོ་དང་། གཏེར་ལེན་ཁ། འཇུ་ལག་བཅས་དང་དེ་བཞིན་བོད་དུ་འགྲོ་བ་དང་བོད་ནས་ཐོན་པ་སོགས་ཀྱི་སྐྱེལ་འདྲེན་ནུས་པ་གསབ་པ་རེད། གུང་གསེང་རིང་རིམ་རྩིས་བརྒྱབ་ན་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་138མང་དུ་བཏང་བ་དང་། ཤུགས་འགྲེམས་མེ་འཁོར་56མཐུད་སྦྲེལ་བྱས་པ་དང་། མེ་འཁོར་གྱི་འཁོར་སྒྲོམ་115མང་དུ་བཏང་ནས་འགྲུལ་པ་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།