《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》དེབ་དང་པོའི་རྒྱ་ཡིག་དང་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཤིན་ཧྭ་འཕྲིན་གཏོང་ཁང་གིས་རྩོམ་སྒྲིག་བྱས་པའི《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》དེབ་དང་པོ་ཉེ་ཆར་ཤིན་ཧྭ་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་དཔར་མ་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ནས་འགྲེམས་སྤེལ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་རང་འགུལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་ལེན་གྱི་སེམས་ཤུགས་ཆེན་པོར་བརྟེན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བབ་བསྟུན་དུ་ཐོན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པ་རེད།
འཕེལ་རིམ་དེའི་ཁྲོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་ཟབ་མོ་དང་། ལག་ལེན་ཟབ་མོ། ཐུགས་རེ་ཟབ་མོ། གཡུར་ཟའི་གྲུབ་འབྲས་བཅས་མཚོན་པའི་གསར་འགྱུར་དངོས་བྲིས་མང་པོ་སྤེལ་ཡོད། 《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》དེབ་དང་པོའི་ནང་ཤིན་ཧྭ་གསར་འགྱུར་ཁང་གི་རྒྱས་འཕྲིན་རིང་གྲས་26དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་པར་རིས་41བསྡུས་ཏེ། ཡིག་རིས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས་ཀྲུང་གོ་དེ་ཉིད་བསྐྱར་དར་གྱི་ལམ་བུར་ཁྲིད་པའི་ཐུན་མིན་གྱི་ལོ་རྒྱུས་བརྒྱུད་རིམ་མངོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པ་རེད།
ཟླ་2ཚེས་24ཉིན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བགྲོ་གླེང་ཚོགས་འདུ་དང《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》དེབ་དང་པོའི་དབྱིན་ཡིག་དཔར་མའི་ཡོངས་བསྒྲགས་ཚོགས་འདུ་སུའེ་ཙེར་གྱི་རི་ནེ་ཝ་རུ་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་གྱིས་དུས་རབས་གསར་པར་ཀྲུང་གོས་བཅོས་སྐྱོང་ཁྱབ་ཁོངས་ཁྲོད་འཚོལ་ཞིབ་དང་བསམ་གཞིག་བྱེད་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།