2025ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་བརྟན་འཕར་བྱུང་བ།
ལོ་ཧྲིལ་པོར་དུས་གཏན་གནམ་གྲུ་འབབ་འཕུར་བྱེད་ཐེངས་ཁྲི་7.1ཟིན་པ།
ཉེ་ཆར། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་བརྟན་འཕར་རྒྱུན་འཁྱོངས་ཐུབ་ཡོད། ལོ་ཧྲིལ་པོར་དུས་གཏན་གནམ་གྲུ་འབབ་འཕུར་བྱེད་ཐེངས་ཁྱོན་ཁྲི་7.1དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་806.2 དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་5.6བཅས་ཟིན་པ་དེ་དུས་མཚུངས་ལས་6.9%དང་། 6.0% 8.0%ཁག་སོ་སོར་འཕར་ཡོད།
2025ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་དྲ་བའི་བཀོད་པ་རྒྱུན་མཐུད་ལེགས་སུ་བཏང་ནས། ལྷ་ས་ནས་ཁྲེང་ཏུའུ་ཧྲོང་ལིའུ་དང་ཀོང་ཀྲོའུ་བར་དང་། མངའ་རིས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བར། ལྷོ་ཁ་ལྷུན་རྩེ་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བར་སོགས་ཀྱི་མཁའ་ལམ་གསར་པ་བཏོད་པ་དང་། ཧྥུའུ་ཅན་ནས་ཁྲུང་ཆིང་དང་ལྷ་ས་བར་དང་། ལྷ་ས་ནས་ཧྲེ་ཡན་དང་ཧོ་ཧྥེ་བར་སོགས་ཀྱི་མཁའ་ལམ་སླར་གསོ་བྱས་པ། ཁྲེང་ཏུའུ་ཧྲོང་ལིའུ་དང་། ཁྲུང་ཆིང་། ཤིས་ཨན་སོགས་བར་གྱི་དུས་གཏན་གནམ་གྲུ་འཕུར་ཐེངས་མང་དུ་གཏོང་བ་བཅས་བྱས་ཏེ། ལྗོངས་ཕྱིའི་གྲོང་ཁྱེར་དབར་གྱི་མཁའ་ལམ་དྲ་བ་སྔར་བས་ཚགས་དམ་དུ་བཏང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མིག་སྔར་ཁྱོན་མཁའ་འགྲུལ་ཀུང་སི་12ཀྱིས་བོད་ལྗོངས་ཀྱི་མཁའ་ལམ་དུ་འཕུར་སྐྱོད་ཀྱི་ལས་འགན་འཁུར་ནས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་84ལ་ཤར་གཏོང་ཐུབ་པ་དང་མཁའ་ལམ་ཁག་204ཟིན་ཏེ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱེད་པ་དང་ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་དགུན་ས། གཞིས་རྩེའི་ཞི་བདེ། ལྷོ་ཁའི་ལྷུན་རྩེ། གཞིས་རྩེའི་དིང་རི། མངའ་རིས་སྤུ་ཧྲེང་བཅས་ཀྱི་མཁའ་ལམ་གྱི་ཡན་ལག་ལམ་ཐིག་ཏུ་བྱས་པའི“1+7”གྱི་སྐྱེལ་འདྲེན་གནམ་ཐང་གི་བཀོད་པ་ཞིག་ཆགས་ཡོད།
ས་མཐོའི་རྙོག་འཛིང་ཆེ་བའི་འཕུར་སྐྱོད་ཁོར་ཡུག་ལ་དམིགས་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་ཨང་དང་པོར་འཇོག་པ”མཐའ་འཁྱོངས་དང་། མཁའ་འགྲུལ་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ། བདེ་འཇགས་འགན་འཁྲིའི་མ་ལག་འཛུགས་ཟབ་ཏུ་གཏོང་བ། ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། མ་ལག་གསར་པ་བཅས་གང་མགྱོགས་སྤྱོད་པ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། བདེ་འཇགས་ཐོན་སྐྱེད་ཀྱི་ལོ་60པ་མངོན་འགྱུར་དང་། དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པ་བཅས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།