དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མལ་གྲོ་གུང་དཀར་རྫོང་གིས།

    སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་ཧོར་ཁང་གཞིས་ཀ་སྤྱི་དམངས་ལ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-26

     འདི་ནི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་ལཱ་བཟོས་འདྲ་སྐུ་ཡིན་པ།

    འདི་ནི་མང་ཚོགས་ཀྱིས་ཧོར་ཁང་གཞིས་ཀར་ལྟ་སྐོར་བྱེད་བཞིན་པ།

     འདི་ནི་ལས་དོན་པས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་འགྲེམས་ཁང་གི་ནང་དོན་འགྲེལ་བཤད་རྒྱག་བཞིན་པ།

     འདི་ནི་འགྲེམས་ཁང་སྒོ་དབྱེའི་མཛད་སྒོའི་ཐོག་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་ཧོར་ཁང་གཞིས་ཀ་དུས་གཅིག་ཏུ་སྒོ་ཕྱེ་ནས། ས་གནས་དེ་གའི་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་མི་རིགས་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་གང་ལེགས་མངོན་པར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་ནི་རྒྱ་མ་གྲོང་རྡལ་སློང་མདའ་གྲོང་ཚོའི་བྱམས་པ་མི་འགྱུར་ཕོ་བྲང་གི་རྗེས་ཤུལ་དུ་གནས་ཤིང་། དེ་གར་ཁྱད་ལྡན་འགྲེམས་ཁང་ཁག་8བཀོད་སྒྲིག་བྱས་ཡོད་པ་དག་སྒྲ་དང་། འོད། གློག་བཅས་ཀྱི་ལག་རྩལ་དང་དངོས་ཡོད་རྣམ་པ་སླར་གསོར་བརྟེན་ནས། རྒྱ་བོད་རིག་གནས་ཀྱི་མཉམ་འདྲེས་ཟབ་མོ་མངོན་པར་བྱས་ཡོད།

    ཧོར་ཁང་གཞིས་ཀས་རྒྱ་མའི་འཕོ་འགྱུར་དང་། གྲགས་ཅན་མི་སྣའི་རྒྱལ་གཅེས་མཛད་རྗེས། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་སོགས་འགྲེམས་སྟོན་གཙོ་བོར་བྱས་པ་དང་། གནའ་བོའི་བོད་ཁང་གི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་བྱས་ཏེ། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་བརྒྱུད་སྤྲོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།