རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཁྲིམས་སྐྱོང་ཆེད་དོན་བྱེད་སྒོ་སྤེལ་བ།

འདི་ནི“བཅའ་ཁྲིམས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ”ཞེས་པའི་ཁྲིམས་སྐྱོང་ཆེད་དོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལྷ་སར“བཅའ་ཁྲིམས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ”ཞེས་པའི་ཁྲིམས་སྐྱོང་ཆེད་དོན་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི་མཉམ་འགུལ་རྣམ་པའི་ཐོག་ནས་སྤེལ་བར་ལྗོངས་ནང་ཁུལ་གྱི་ཁེ་ལས་འབྲིང་ཆུང་40ལྷག་ཙམ་དེའི་ནང་ཞུགས་ཏེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད།
བྱེད་སྒོར་བཅའ་ཁྲིམས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཤིང་། རིགས་གཅིག་མཁས་ཅན་གྱིས་གན་རྒྱའི་རྩོད་གཞི་དང་། ངལ་རྩོལ་ལས་མི་བཀོལ་སྤྱོད། ཤེས་བྱའི་བདག་དབང་སྲུང་སྐྱོང་། སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་སོགས་གཙོ་གནད་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ནས་དབྱེ་ཞིབ་གཏིང་ཟབ་དང་གྱོད་དཔེ་མཉམ་སྤྱོད་བྱས་པ་དང་འབྲེལ། 《ཁེ་ལས་ཀྱི་བཅའ་ཁྲིམས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་སྐོར་གྱི་ལག་དེབ》བཀྲམ་ནས་ཁེ་ལས་ཀྱི་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོར་ད་དུང་ཕུགས་ཕན་ཞབས་ཞུའི་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱིས་བཏོན་པའི་རང་སོའི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ཏེ། རིན་མི་དགོས་པའི་དྲ་ཕྱིའི་མཛུབ་ཁྲིད་ཞབས་ཞུ་རྒྱུན་མཐུད་མཁོ་འདོན་བྱས་ནས་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཁེ་ལས་ལ་ཐད་ཀར་དོན་འཁྱོལ་གནད་སྨིན་ཐུབ་པར་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།