དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཐབ་ས་དང་པོར་ཞབས་ཞུ་བསྒྲུབས། མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

    —— ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་གིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-26

    ད་ཕན་ལོ་ཤས་རིང་། གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་གིས“དོ་དམ་པ”ནས“ཞབས་ཞུ་བའི”བར་གྱི་ངེས་གནས་བསྒྱུར་བར་དམིགས་པ་དང་། ཐོན་ཁུངས་མཉམ་སྤྱོད་དང་། ཁྱིམ་ཚང་སློབ་གསོའི་ཞབས་ཞུ། གཞི་རིམ་ལས་ཞུགས་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ནས། ཏང་རྩ་འཛུགས་ཀྱི་ཞབས་ཞུ་རྒྱ་ཁྱབ་ངང་གཞི་རིམ་གྱི་འཐབ་ས་དང་པོར་སྣུར་བསྲིང་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་དབར་མཉམ་འདྲེས་དང་རོགས་རེས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གཞི་རིམ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་རྣམ་པ་བཏོད་ཡོད་པ་རེད།

    རང་འགུལ་ངང་ཐོན་ཁུངས་ཡག་པོ་སྤྱད་དེ་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཚོགས་ཁང་དང་། བྱེད་སྒོ་ཁང་། གྲོང་ཚོའི་ལོ་རྒྱུས་འགྲེམས་ཁང་སོགས་མང་ཚོགས་ལ་སྒོ་མོ་ཕྱེ་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་སོགས་ཀྱི་ཚན་པ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས། སྣ་མང་ཐོན་ཁུངས་ནང་འདྲེན་གྱིས“ཐོན་ཁུངས་ཡག་པོ་སྤྱོད་པ་དེ་ཚང་མའི་ཆེད་དུ་ཡིན་པ་མངོན་འགྱུར”བྱུང་ཡོད། ཁྲོམ་གཞུང་གིས་ད་དུང་དྲ་མིས་སྒོ་རྩར་བསྐྱོད་ནས་གྲལ་བཤེར་བྱེད་པ་སོགས་ཀྱི་དགོས་མཁོར་དམིགས་ཏེ། དེ་སྔའི་མང་ཚོགས་སྒོ་རྩར་ཡོང་རྒྱུར་བསྒུགས་པ་ནས་ད་ཆའི་ཁྱིམ་གྱི་སྒོ་རྩར་བསྐྱོད་ནས་ཞབས་ཞུ་བསྒྲུབས་པའི་བར་བསྒྱུར་བ་ལས་དམངས་ཕན་བྱེད་ཐབས་དེ་བས་གནད་སྨིན་བྱུང་ཡོད།

    ཁྱིམ་ཚང་སློབ་གསོའི་ཡོངས་ཁྱབ་ཀྱི་དགོས་མཁོར་དམིགས་ནས། ཁྲོམ་གཞུང་གིས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“ཁྱིམ་བདག་གི་མཚན་མོའི་སློབ་གྲྭ”གཉེར་ནས། དགོང་མོའི་དུས་ཚོད་སྤྱད་དེ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་སློབ་ཚན་འཚོགས་པས། ཁྱིམ་བདག་མང་པོ་ཞིག་གི“ཉིན་མོར་སློབ་སྦྱོང་བྱེད་པར་དུས་ཚོད་མེད་པའི”དཀའ་གནད་བསལ་བ་རེད། མིག་སྔའི་བར། བུད་མེད་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་50ལྷག་ཙམ་དྲིལ་བསྒྲགས་བྱས་པར་བུད་མེད་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། ལས་ཞུགས་གནད་དོན་ཁག་མང་པོར་དམིགས་ནས་མཐུན་སྒྲིལ་ཁྲོམ་གཞུང་གིས“བརྒྱུད་བཤུག་གཉིས་པ”མ་བྱས་པར“གཙོ་རྒོལ་མཁན”བྱས་ཏེ། སྲིད་ཇུས་འགྲེལ་བཤད་དང་། ལས་གནས་འོས་སྦྱོར། རྩལ་ནུས་གསོ་སྦྱོང་། ཁེ་དབང་སྲུང་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་སྡེ་ཁུལ་གྱི་ལས་ཞུགས་ཞབས་ཞུའི་ས་ཚིགས་བཏོད་ནས། “གཅིག་འཐུས་རྣམ་པའི”ལས་ཞུགས་ལ་ཞབས་འདེགས་ཞུས་ཡོད། ཁྲོམ་གཞུང་གིས་ཞབས་ཞུའི་གསལ་ཐོ་ཁག་མང་པོ་གསར་བཟོ་བྱས་པ་དང་། ལས་དོན་པས་རང་འགུལ་ངང་སྒོ་རྩར་བསྐྱོད་དེ་བར་ཐག་མེད་པར་རོགས་སྐྱོར་བྱས་ཡོད། མ་བྱན་སོགས་ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས་17སྒྲིག་འཛུགས་ཧུར་ཐག་བྱས་ཏེ། མི་སྤྱོད་ཚན་པ་དང་སྦྲེལ་མཐུད་དམ་ཟབ་བྱས་ནས་སློབ་ཐོན་སློབ་མར་སྦྲེལ་ཟམ་བཏོད་པ་རེད།

    ཐོན་ཁུངས་སྒོ་དབྱེ་ནས་སྒོ་རྩར་སློབ་ཚན་འཚོག་པའི་བར་དང་མཉམ་སྤྱོད་སློབ་ཁང་ནས་ལས་ཞུགས་སྲུང་སྐྱོང་བར་མཐུན་སྒྲིལ་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་ཤིང་དུ་བྱས་ནས། སྤྱོད་ཚུལ་བསྒྱུར་བ་དང་བྱ་བ་དངོས་ཡག་པོ་བསྒྲུབ་པར་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ཡོད། གོམ་སྟབས་རྗེས་མར་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་གིས“ཞབས་ཞུ་བའི”ངེས་གནས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། སྙིང་ཉེའི་བྱེད་ཐབས་དེ་བས་མང་བས་མི་སེམས་དྲོ་བར་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།