དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བརྡ་ཐོ》བཀྲམ་ནས།

    ཏང་ཡོངས་སུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བརྡ་ཐོའི》ནང་བསྟན་དོན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏང་ཡོངས་སུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ(གཤམ་དུ་སློབ་སྦྱོང་སློབ་གསོ་ཞེས་བསྡུ་རྒྱུ)སྤེལ་རྒྱུ་ཡིན། སློབ་སྦྱོང་སློབ་གསོ་ནི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ“འགོ་གཙོ་དང་པོ”གཙོ་གནད་དུ་བཟུང་སྟེ། 2026ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་ནས་འགོ་འཛུགས་རྒྱུ་དང་ཟླ་7པའི་ཟླ་མཇུག་ཏུ་སྤྱིར་ན་མཇུག་འགྲིལ་རྒྱུ་ཡིན།

    《བརྡ་ཐོའི》ནང་ཁ་གསལ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བཅས་སྤྱིའི་བླང་བྱར་བྱེད་པ། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དེ་དམ་འཛིན་བྱ་གཞིར་བྱས་ནས། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་དང་། དེ་བཞིན་ལས་བྱེད་པས་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་དང་།སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཡོ་ཁྱད་སྔོན་འགོག་དང་ཡོ་བཅོས་ནུས་ལྡན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ནུས་ལྡན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་བྱེད་དགོས།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། སློབ་སྦྱོང་སློབ་གསོར་བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་གཉེར་མཐའ་འཁྱོངས་བྱས་ཏེ་ཁག་ཐེངས་དང་དུས་མཚམས་མི་དབྱེ་བར་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ། ཡོངས་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་བཀོད་སྒྲིག་དག་དོན་འཁྱོལ་ནན་ཏན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》སློབ་སྦྱོང་གཏིང་ཟབ་བྱེད་པ། ས་ཁུལ་དེ་ག་དང་། ཚན་པ་དེ་ག ས་ཁོངས་དེ་ག་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བཅས་བྱས་ནས་ཏང་འཛུགས་སྤྱི་ཕན་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ལྟ་སྐུལ་ཞིབ་བཤེར་དང་། བརྟག་དཔྱད་ཞིབ་འཇུག མང་ཚོགས་ཀྱི་ཞུ་རེ་ཤེས་རྟོགས་སོགས་ཀྱི་ཐབས་ལམ་བརྒྱུད་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཐད་གནས་པའི་གནད་དོན་གཏིང་ཟབ་བཙལ་ཏེ་ཏང་གཤིས་ཐད་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་བཤེར་བ། བློ་སྦྱོང་ཟབ་གཏོང་བཅས་བྱེད་དགོས། ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དག་ཐེར། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་སོགས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ། དག་ཐེར་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་ལམ་ལུགས་བཙུགས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་དང་ལམ་སྲོལ་ཁྲོད་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་གི་བླང་བྱ་དང་མ་མཐུན་པའི་གཏན་འབེབས་ཡོད་རིགས་གཏིང་ཟབ་བཙལ་ནས་མེད་པར་བཟོ་དགོས་རིགས་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་དགོས་རིགས་བཟོ་བཅོས་རྒྱག་དགོས། ཡོངས་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱས་ནས་གནད་དོན་བཤེར་འདོན་བྱེད་སྐབས་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དག་ཐེར་བཅོས་སྒྲིག་བྱེད་སྐབས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཕན་འབྲས་ཞིབ་དཔྱད་བྱེད་སྐབས་མང་ཚོགས་ཀྱི་ཤན་འབྱེད་དང་ལེན་བཅས་བྱེད་དགོས་པ་དང་། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་དགོས།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་འཁུར་དགོས། རིམ་པ་དང་། ས་ཁུལ། ཁྱབ་ཁོངས། ལས་རིགས་བཅས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།