ཀན་སུའུ་ལེའང་ཏང་རྫོང་གིས་བདལ་གླ་མི་དགོས་པའི་སྤྱི་སྤྱོད་རླངས་འཁོར་བཏང་བ།

འདི་ནི་བདལ་གླ་མི་དགོས་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ལེའང་ཏང་རྫོང་གི་གཞུང་ལམ་དུ་སྐྱོད་བཞིན་པ།
“ཆིན་ལིན་ལྷོ་འདབས་ཀྱི་རི་ཁུག་ཏུ་གནས་པའི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ལེའང་ཏང་རྫོང་དུ་རྒྱུན་སྡོད་མི་ཁྲི་3ལྷག་ཙམ་ལས་མེད་པ་མ་ཟད་དེ་དག་གཙོ་བོ་གྲོང་ཁུལ་དུ་གཅིག་སྡུད་བྱས་ཡོད། མང་ཚོགས་འགྲོ་སྐྱོད་དེ་བས་སྟབས་བདེ་ཡོང་ཆེད། ཉེ་ཆར། ལེའང་ཏང་རྫོང་གིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་རྣམ་པའི་ཐོག་ནས་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ལ་བདལ་གླ་མི་དགོས་པར་སྡོད་ཆོག་པའི་དམངས་ཕན་སྲིད་ཇུས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།