ཀྲེ་ཅང་ཧང་ཅ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་བྱང་ཐང་གི་སྨན་བཅོས་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་བ།
2025ལོའི་ཟླ་7པའི་ཟླ་སྨད་ཚུན་དུ། ཀྲེ་ཅང་ཧང་ཅ་བོད་སྐྱོར་སྨན་བཅོས་རུ་ཁག་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྨན་བཅོས་ཚོགས་པའི་ལྟེ་བའི་སྨན་ཁང་དུ་བཅའ་སྡོད་བྱས་ཤིང་། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དེའི་སྨན་དོན་མི་སྣར་གཞོགས་འདེགས་གང་ལེགས་བྱས་ནས་ཆེད་ལས་ཚན་ཁག་གི་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་འཕེལ་རིམ་ཏན་ཏིག་བྱུང་ནས་ས་ཁོངས་སྨན་བཅོས་ཞབས་ཞུའི་རྨང་གཞི་བརྟན་དུ་ནུས་ལྡན་བཏང་ཡོད།
གསེར་རྙེད་ཆུས་སྨན་བཅོས་ཚོགས་པའི་ལྟེ་བའི་སྨན་ཁང་གིས་སྨན་ཁང་གསར་པ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་གོ་སྐབས་སུ་བྱས་ཏེ། ཧང་ཅ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་དང་ནུས་པ་རིམ་སྤོར་ལ་སྐུལ་འདེད་བཏང་ནས་CTདང་ཉིང་རྡུལ་གློག་པར་ཁང་སྐྲུན་པ་དང་། མི་སྣའི་གསོ་སྦྱོང་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བས་མིག་སྔར་འབྲེལ་ཡོད་སྒྲིག་ཆས་ཚོད་ལྟའི་ངང་སྤྱོད་བཞིན་ཡོད་པ་དང་། གསར་དུ་བསྐྲུན་པའི་གཤགས་བཅོས་ཁང་ཡང་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་སྟེ། ཕྱི་ནད་ཚན་ཁག་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
གསེར་རྙེད་ཆུས་ཀྱི་བདེ་ཐང་དྲག་སྐྱེད་སྨན་བཅོས་ཞབས་ཞུའི་སྟོང་ཆ་སྐོང་པར་དམིགས་ཏེ། ཧང་ཅ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ནས་གསེར་རྙེད་ཆུས་ཀྱི་བདེ་ཐང་དྲག་སྐྱེད་ལྟེ་གནས་སྐྲུན་པའི་བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་ནང་དུ་མཛེས་བཟོ་དང་། སྒྲིག་ཆས་ཉོས་ནས་སྙོམས་སྒྲིག་ཚོད་ལྟ་དང་སྒྲིག་སྦྱོར་བཅས་ཚུད་པ་མ་ཟད། ས་གནས་དེ་གའི་ལས་སྒོའི་རྐང་འཛིན་པ་4ཀྲེ་ཅང་ཅ་ཤིང་དུ་ཟབ་སྦྱོང་བྱེད་པར་ཡང་མངགས་པ་རེད། ལྟེ་གནས་དེ་2025ལོའི་ཟླ་12ཚེས་12ཉིན་དངོས་སུ་བཙུགས་པ་དེ་ཐོག་ནས་གསེར་རྙེད་ཆུས་ཀྱི་དྲག་སྐྱེད་སྨན་བཅོས་ཞབས་ཞུར་ཚད་བརྒལ་བྱུང་བ་མཚོན་ཡོད།
ཧང་ཅ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྨན་བཅོས་བོད་སྐྱོར་དེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་གོ་སྐབས་སུ་བྱས་ནས་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་ཁྲིམས་ཤིང་སྡེ་ཁུལ་དུ་མཉམ་དུ་འོས་འགན་སྨན་བཅོས་བྱས་པ་དང་འབྲེལ་གཟའ་འཁོར་རེའི་གཟའ་ཕུར་བུར“གཏན་འཇགས་ཀྱི་འོས་འགན་སྨན་བཅོས་ཉིན་མོར”གཏན་འཁེལ་བྱས་ནས་རྒྱུན་རྣམ་ཅན་གྱི་ཞབས་ཞུའི་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད། སྨན་བཅོས་བོད་སྐྱོར་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་ནས་གཞོན་ནུ་ལོ་ཆུང་ལ་སྒལ་ཚིགས་འབུར་བའི་ནད་ཡོད་མེད་དབྱེ་བཤེར་བྱས་པ་མ་ཟད། ཁག་གཉིས་པའི་སྒལ་རུས་འཁྱོག་པ་དང་པུས་ཚིགས་ཡ་མ་གཟུགས་ཀྱི་ནད་པ་21ལ་ཧང་ཀྲོའུ་རུ་རིན་མེད་གཤཌ་བཅོས་བྱས་པ་དང་། “དབྱེ་བཤེར་དང་། སྐྱེལ་བསུ། གཤགས་བཅོས། དྲག་སྐྱེད། གཤགས་བཅོས་བྱས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་གདུབ་ཟུམ་རགས་ཙམ་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།