དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤང་ལྗོངས་ཡངས་ཤིང་མཛེས། ཆུ་མོ་དྭངས་ཤིང་གཙང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24


    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཟུར་ཞིག་ཡིན་པ།

    འདམ་ར་དང་། ནགས་ཚལ། རྒྱ་མཚོ་གསུམ་ལ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་དང་དེ་བཞིན“སའི་གོ་ལའི་མཁལ་མ”ཞེས་བརྗོད་སྲོལ་ཡོད། དེར་ཆུ་རྩ་གསོ་འཁྱོངས་དང་། ཆུ་སྤུས་ལེགས་གཏོང་། ཆུ་ལོག་འཁྱིལ་གསོག ཐན་སྐྱོན་སྔོན་འགོག གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ། འདམ་ར་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། འདམ་རའི་སྐྱེ་ཁམས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།