དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》(དེབ་གཉིས་པ) དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ནང་མི་མཉམ་འཛོམས་ཀྱི་དཔྱིད་གསར་དུས་ཆེན་རིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》(དེབ་གཉིས་པ)ཀྲུང་གོ་བུད་མེད་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    དེབ་འདི་ནི་དེབ་དང་པོའི་རྨང་གཞིའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཁྱིམ་ཚང་དང་གྲོང་ཚོ(སྡེ་ཁུལ)32ལ་བཅར་འདྲི་བྱས་པའི་གནས་ཚུལ་དངོས་བརྒྱུད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ལ་རྟོག་ཞིབ་གནང་རིང་མི་སེར་གྱི་ཁྱིམ་ཚང་རེ་རེར་ཕེབས་ནས་དམངས་ཀྱི་འཚོ་བའི་བདེ་སྡུག་བཀའ་འདྲི་གནང་བ་དང་དམངས་ལ་དྲོ་སྐྱིད་སྦྱིན་པ་དང་། འགྱུར་ལྡོག་ལ་བལྟས་ནས་འཕེལ་རྒྱས་སྐོར་གླེང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་གླེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་འཕོ་འགྱུར་བཀོད་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་གནང་བ་མཚོན་པ་དང་། “མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་གཅེས་སྐྱོང་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ་ཞེན་བྱེད་པའི”བརྩེ་སེམས་ཟབ་མོ་མཚོན་པ་མ་ཟད། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ཚོས“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱས་ནས་རྒྱང་ལམ་གསར་པར་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།