དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཆུ་མོ་དྭངས་ཤིང་སྐྱེ་ཁམས་བཟང་། དུས་བྱའི་ཁྱུ་ཚོགས་ཅི་དགར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-22

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ“མཚེའུ་དང་སྔོ་ལྗང་གིས་བརྒྱན་པའི་གྲོང་ཁྱེར”གྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་མིས་བཟོས་མཚེའུ་ཡི་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭར་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེ་ལག་ལེན་བསྟར་བས་གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་དང་། གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། སྤུས་ལེགས་ཀྱི་སྐྱེ་ཁམས་བར་མཐོངས་བསྐྲུན་པས་དུས་བྱ་མང་པོ་དགུན་སྒྲོལ་དུ་ཡོང་གི་ཡོད་པ་རེད། ད་ཆ་ཆུ་ཁོངས་དེ་ནི་གྲོང་མིའི་སྤྲོ་གསེང་དང་ངལ་གསོ་རྒྱག་ས་ཡག་པོ་ཞིག་ཡིན་ལ། དུས་བྱ་དགུན་སྒྲོལ་གྱི་གནས་མཆོག་ཅིག་ཀྱང་ཡིན་པས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་ཡོད། འདི་ནི་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་མིས་བཟོས་མཚེའུ་རུ་ཅི་དགར་རོལ་བཞིན་པའི་དུས་བྱ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།