དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་དིང་རི།

    སྡོད་ཁང་གསར་པར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐེངས་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-22

    འདི་ནི་ཟླ་2ཚེས་16ཉིན་པར་དུ་བླངས་པའི་བོད་ལྗོངས་དིང་རི་རྫོང་གྲམ་སོ་ཤང་མགོ་རིང་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཡིན་པ།

    འདི་ནི་ཟླ་2ཚེས་16ཉིན་གྲམ་སོ་ཤང་མགོ་རིང་གྲོང་ཚོའི་ཡུལ་མི་སངས་རྒྱས་དང་བཅས་པའི་ནང་མི་ཚང་མས་སྡོད་ཁང་གསར་པའི་ནང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ལྟ་བཞིན་པ།

    ཟླ་2ཚེས་16ཉིན་ནི་ལུགས་རྙིང་ལོའི་གནམ་གང་དང་བོད་ཀྱི་ལོ་གསར་གྱི་དགུ་ཐུག་ཉིན་མོ་ཡིན་པ་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བའི་དུས་འདིར། གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཤིང་། བོད་ལྗོངས་དིང་རི་རྫོང་གྲམ་སོ་ཤང་མགོ་རིང་གྲོང་ཚོའི་ཡུལ་མི་སངས་རྒྱས་ཁྱིམ་གྱིས་ཁྱིམ་ཆས་གསར་པ་བསྒྲིགས་པ་དང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཨང་བསར་བྱས་ཏེ། སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དང་པོ་གཏོང་བཞིན་ཡོད།

    2025ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པར། ཇོ་མོ་གླང་མའི་འདབས་སུ་གློ་བུར་དུ་ཆག་སྒོ་ཆེན་པོ་ཞིག་བྱུང་། ས་ཡོམ་རིམ་པ་6.8བརྒྱབ་ནས་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་སོགས་རྫོང་མང་པོར་ཤུགས་རྐྱེན་ཐེབས་ཡོད། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་བཟོ་འགོད་ལས་དོན་སྤེལ་འགོ་ཚུགས་པ་དང་། 2025ལོའི་ཟླ་3པའི་ཟླ་འགོར་གེགས་རྗེས་བསྐྱར་སྐྲུན་བྱེད་འགོ་ཚུགས་པ། 2025ལོའི་ཟླ་6པའི་ཟླ་འགོར་བསྐྱར་སྐྲུན་ལས་དོན་ཁག་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་རེད། 2025ལོའི་ལོ་སྨད་དུ་སངས་རྒྱས་དང་བཅས་པའི་ནང་མི་ཚང་མ་བདེ་འཇགས་ལྡན་ཞིང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།