གནམ་ལོ་གསར་པར་རྟ་རྩལ་ངོམས། རྒྱང་ལམ་གསར་པའི་ཕྱོགས་སུ་ཐོན།

འདི་ནི་རྟ་པ་ཆུང་ཆུང་གིས་ལྟད་མོ་བར་ལག་པ་གཡུག་གཡུག་བྱེད་བཞིན་པ།

འདི་ནི་རྟ་པས་རྟ་ཐོག་ཏུ་ལངས་ནས་མེ་ཏོག་འཕྱར་བཞིན་པ།

འདི་ནི་རྟ་པས་རྟ་ཐོག་ནས་ཁ་བཏགས་སྒྲུག་བཞིན་པ།

འདི་ནི་རྟ་པས་རྟ་ཐོག་ནས་གྲི་རྩལ་ངོམ་བཞིན་པ།
ཚེས་20ཉིན། བོད་ཀྱི་ལོ་གསར་ཚེས་གསུམ་ཡིན་པ་དང་ལྷ་སར་ཉི་འོད་དྲོ་ལ་ནམ་མཁའ་སྔོ་ཞིང་དྭངས། གྲོང་བྱང་རྟ་རྒྱུག་ཐང་དུ་མི་ཚོགས་འདུ་ལོང་ཆེ་ཞིང་དར་ཚོན་ལྷབ་ལྷུབ་ཏུ་གཡོ། 2026ལོའི་བོད་ཀྱི་ལོ་གསར་ཚེས་གསུམ་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་བྱེད་སྒོ་དེ་གར་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཁྱད་ཆོས་མངོན་གསལ་དོད་པའི་དུས་ཆེན་གྱི་རིག་གནས་སྟོན་མོ་བཤམས་ཡོད།
འབྲེལ་ཡོད་གསར་འགྱུར།