2025ལོར་བོད་ལྗོངས་མཁའ་འགྲུལ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་དུས་གཏན་གནམ་གྲུ་དང་འགྲུལ་པ་དུས་མཚུངས་ལས་237.4%དང་103.8%སོ་སོར་འཕར་བ།
2025ལོར་ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་ལྷ་ས་གོང་དཀར་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་མཁའ་འགྲུལ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་དུས་གཏན་གནམ་གྲུ་ཐེངས་གྲངས་776དང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་16909ལ་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་237.4%དང་103.8%སོ་སོར་འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་མཁའ་འགྲུལ་འགག་སྒོ་ནི་བོད་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་དང་འགྲོ་འོང་བྱེད་པའི་མཁའ་ལམ་འགག་སྒོ་འབའ་ཞིག་དེ་ཡིན་ཞིང་། མཁའ་འགྲུལ་འགག་སྒོའི་ནུས་པ་ཆེར་གཏོང་དང་སྤུས་ཚད་ལེགས་གཏོང་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གོང་དཀར་གནམ་ཐང་འགག་སྒོས་མཁའ་ལམ་རྒྱ་སྐྱེད་གཏོང་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་2025ལོར་པོ་ཁཱ་ལཱ་དང་ཀྲུང་གོའི་ཤང་ཀང་གི་རྒྱལ་སྤྱིའི(ས་ཁུལ)མཁའ་ལམ་2མང་དུ་བཏང་བ་དང་། མཁའ་ལམ་བསྡོམས་འབོར་4བར་མང་དུ་ཕྱིན་ནས་བོད་དང་ཨེ་ཤེ་ཡ་ལྷོ་མའི་དབར་དང་ཀྲུང་གོའི་ཤང་ཀང་ས་ཁུལ་དབར་གྱི་མཁའ་དབྱིངས་ཀྱི་འབྲེལ་གཏུག་དྲ་བ་སྔར་བས་ཚགས་དམ་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།