དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-20

    ཟླ་2ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས་པ་དང་འབྲེལ། དཔྱིད་གསར་གྱི་རྟེན་ཤོག་གནང་ནས་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་41གི་གོང་དུ་ངས་ཨའེ་ཨོ་ཝ་ཀྲོའུ་ལ་འཚམས་འདྲི་བྱེད་སྐབས་ཁྱེད་ཚོས་སེམས་རྩ་འཁོལ་པོས་སྣེ་ལེན་བྱས་བྱུང་། མཛེས་སྡུག་ལྡན་པའི་དྲན་འཆར་དེ་དག་ད་ལྟའང་ངའི་སེམས་ནང་གསལ་ཐིང་ངེར་ངེས་ཀྱི་འདུག ཀྲུང་ཨའི་འབྲེལ་བའི་རེ་བ་གཙོ་བོ་དེ་མི་དམངས་ལ་ཐུག་ཡོད་པ་དང་། རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་དེ་གཞོན་ནུར་རག་ལུས་ཡོད་པ། གསོན་ཤུགས་གཙོ་བོ་ས་གནས་ལ་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤེལ་རེས་མཉམ་ལས་ཀྱི་བསམ་འདུན་ལ་འགྱུར་བ་ཡོང་མི་སྲིད་ལ། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་བྱེད་པའི་མཛའ་གྲོགས་ལ་འགྱུར་བ་ཡོང་མི་སྲིད། ཁྱེད་ཚོས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བར་མུ་མཐུད་གཞོལ་ནས་ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་ཨའི་མཛའ་གྲོགས་ཀྱི་རྒྱུན་འཛིན་མཁན་དང་། ཞི་བདེའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་མཁན་དུ་འགྱུར་བར་སྐུལ་ལྕག་བྱས་ནས། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    དེ་གོང་། ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོཌ་མི་སྣ་པེ་ལུང་གིས་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣའི་ཚབ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་དགེ་རྒན་ཆེ་མོ་བ་ཕེང་ལི་ཡོན་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣས་ཀྲུང་གོའི་མི་དམངས་དབར་གྱི་མཛའ་གྲོགས་ལ་གཅེས་སྤྲས་བྱེད་པ་དང་འབྲེལ་མུ་མཐུད་འཕེལ་རྒྱས་གཏོང་གི་ཡིན་ཞེས་བརྗོད་ཡོད་པ་རེད། པེ་ལུང་དང་། ལན་ཏི། ཏེ་ཝོ་ཆེ་ཁེ། ཅིན་པོ་ལི། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཟུར་པ་པུ་ལན་སི་ཐ་ཏེ། འཛམ་གླིང་འབྲུ་རིགས་བྱ་དགའ་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཁུའེ་དབྱིན། དེ་བཞིན“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་འདྲེན་ཞུ་བའི”གྲོས་འགོའི་ཀྲུང་གོར་འཚམས་འདྲིར་ཞུགས་མཁན་ཀྲོའུ་དེ་གའི་དགེ་སློབ་ཀྱིས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ལ་དཔྱིད་གསར་གྱི་རྟེན་ཤོག་བསྐུར་ཏེ། ཨ་ཀྲུང་དབར་གྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།