དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་མི་སྤུན་མཆེད་ལྷན་དུ་འཛོམས། དགའ་དགའ་སྤྲོ་སྤྲོས་ལོ་གསར་བསུ།

    རྒྱལ་ཡོངས་ས་གནས་ཁག་གི་མང་ཚོགས་ཚོས་རྟ་ལོའི་གནམ་གང་དགའ་གཏོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2026-02-18

    ཟླ་2ཚེས་16ཉིན་གྱི་གནམ་གང་ཉིན་མོར། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་དགའ་སྤྲོ་མཉམ་འཛོམས་བྱས་ཤིང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་མཉམ་འཛོམས་ཀྱི་གསོལ་ལྕོག་ནས་ལས་གནས་བརྟན་སྲུང་བྱེད་པའི་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་བར། མི་རྣམས་ཀྱིས་ལོ་གསར་གཏོང་སྟངས་མི་འདྲ་བའི་ཐོག་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་བཞིན་ཡོད།

    ཐག་རིང་ནས་ཡོང་བའི་མཉམ་འཛོམས།

    དེ་རིང་གི་ཐོན་ས་དང་འབྱོར་ས་ཚང་མ“མཉམ་འཛོམས”དང་འབྲེལ་བ་ཆེན་པོ་ཡོད།

    “ཧར་པིན་གྱི་གངས་འཁྱགས་འཛམ་གླིང་ཆེ་མོའི”བརྗོད་དོན་གཙོ་བོའི་མྱུར་བགྲོད་ལྕགས་ལམ་དེ་ནགས་ཚལ་དང་ཁ་བའི་ཡུལ་དུ་བྱ་འཕུར་བ་ལྟར་སྐྱོད་བཞིན་ཡོད། ཧྲང་ཧའེ་ནས་ཕ་ཡུལ་དུ་ལོག་མཁན་འགྲུལ་པ་ཀྲང་ཝུན་ཆི་ཡི་ཁྱིམ་དུ་ལོག་འདོད་ཀྱི་བསམ་པ་ཡང་མདའ་མོ་འཕངས་པ་ལྟར་མཚུངས། “ཕྱི་ལ་ལོ་གཅིག་དཀའ་ལས་བརྒྱབ་པ་ཡིན། མེ་འཁོར་ནང་འཛུལ་མ་ཐག་རྒྱུས་མངའ་ཆེ་བའི་གངས་དཀར་གྱི་ས་གཞི་དེ་དག་མཐོང་དུས་སེམས་པ་ལྷོད་ལ་བབས་སོང” ཁོང་གིས་མེ་འཁོར་གྱི་ལས་དོན་པས་སྤྲད་པའི་བཀྲ་ཤིས་མཚོན་པའི་རྫས་སྣ་བླངས་རྗེས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་དང་འདྲ་བར་ལེ་དབར་སྟོང་ཕྲག་བརྒལ་ནས་ཕ་ཡུལ་དུ་ལོག་མཁན་ཚོའི་ངོས་ནས་བརྗོད་ན། ད་ཐེངས་ནི་ལོ་གཅིག་རིང་གི་དགའ་ཤོས་བྱེད་པའི་དུས་ཐེངས་ཤིག་རེད།

    ལེ་དབར་ཁྲི་ཕྲག་ཆོད་ཀྱང་ལོ་གསར་གྱི་མྱུར་སྐྱེལ་བསྐུར་མ་རེ་རེ་ཁྱིམ་ཚང་ཚང་མར་འབྱོར་གྱི་ཡོད། ལོ་གསར་གནམ་གང་གི་ཞོགས་པར། ཁ་བའི་འདབ་མ་ཧོ་ཧྥེའི་ཁྲོམ་གཞུང་གི་ས་ཆ་གང་སར་ལྷབ་ལྷུབ་ཏུ་བབས། ཨན་ཧུའེ་ཧྲུན་ཧྥུང་ཧྥུའུ་རུང་གླིང་གི་ལས་གཉེར་དྲ་ཚིགས་སུ་གློག་སྒྲོན་སྔར་བཞིན་གསལ་ལྷམ་མེར་ཡོད། ལོ་26ལ་སླེབས་པའི་མྱུར་སྐྱེལ་བ་ཀྲང་ཁྲེང་ལིན་གྱིས་བསྐུར་མ་དབྱེ་འབྱེད་བྱེད་ཞོར་དུ“ཉིན་ཤས་རིང་བསྐུར་མ་མང་དུ་ཕྱིན་འདུག དེ་སྔ་ཐུམ་སྒྲིལ་ནང་མང་ཆེ་བ་གྱོན་ཆས་དང་རྒྱུན་སྤྱོད་དངོས་པོ་རེད། ད་ཆ་ཁྱད་ལྡན་ཞིང་ལས་ཐོན་རྫས་སོས་པ་མང་པོ་མཐོང་རྒྱུ་འདུག”ཅེས་བཤད། ལོ་གསར་གནམ་གང་གི་བསྐུར་མའི་ནང་ཐག་རིང་གི་དགའ་ཉེ་སྤུན་མཆེད་ཚོའི་བརྩེ་བ་ཡོད་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡང་ཡོད།

    ཁྱིམ་ཚང་ཁྲི་སྟོང་མང་པོའི་ལོ་གསར་གྱི་རྣམ་པ་ཟབ།

    ཐབ་ཚང་ནང་དུ་སྲོལ་རྒྱུན་དང་གསར་གཏོད་མཉམ་འདྲེས་བྱས་པའི་རྣམ་པ་མངོན་གསལ་དོད། ཧྲའན་ཤིས་ཤིས་ཨན་གྱི“ཀྲུང་ཧྭའི་ཚོང་རྟགས་རྙིང་པ”ཐུང་ཧྲེང་ཞང་ཀྲུང་ལོའུ་ཟ་ཁང་སྔར་བཞིན་འཁྲུག་ཆ་དོད་ཅིང་། འདི་གའི་གནམ་གང་གི་དགོང་ཟས་སྔ་ས་ནས་མངགས་ཟིན། ཟ་ཁང་གིས་ཚལ་རིགས་ཁག་གཅིག་གི་བྲོ་བ་ལེགས་བཅོས་འོས་འཚམ་བྱས་ནས། ལོ་གསར་གནམ་གང་ཁ་ལག་གི་ཞག་ཚི་ཅུང་ཉུང་དུ་བཏང་ཡོད། མ་བྱན་ཆེ་མོ་བ་ཀྲའོ་ལེས། ཉེ་བའི་ལོ་གཉིས་རིང་། འཛད་སྤྱོད་པས་བདེ་ཐང་བཟའ་བཏུང་དང་སྡེར་གཙང་བྱ་སྤྱོད་ལ་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་པས། ལོ་གསར་གནམ་གང་གི་ཟས་ལྷག་དག་ཐུམ་སྒྲིལ་བརྒྱབ་ནས་འཁྱེར་འགྲོ་གི་ཡོད་ཅེས་བཤད།

    པེ་ཅིང་ཁྲང་ཕིང་ཧོ་དབྱིང་ཁྲོམ་གཞུང་གི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་དང་བླངས་པ་ཚོས་རྒན་རྒོན་ཚོ་དང་མཉམ་དུ་ཅའོ་ཙེ་བཟོ་བཞིན་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད། རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཁྲེན་མོང་གིས“ཁྱིམ་ལ་རྒན་རྒོན་ཡོད་ན་ནོར་བུ་ཡོད་པ་ལྟར་ཡིན”ཞེས་བཤད།

    སྲོལ་རྒྱུན་གྱི་ལོ་གསར་རྣམ་པ་སྔར་བཞིན་ཟབ་པ་དང་གསར་དར་གྱི་ལོ་གསར་གཏོང་སྟངས་དར་ཁྱབ་འགྲོ་བཞིན་ཡོད།

    ལོ་གསར་གནམ་གང་གི་ཉིན་དེར་རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་དང་པོ“ཨའེ་ཏ·མོ་ཏུའུ་རྟགས་ཅན”ཐོན་འགོ་ཚུགས་ནས་རྒྱ་མཚོ་ཆེན་པོའི་ཐོག་མཉམ་འཛོམས་ཀྱི་གསོལ་སྟོན་གཤོམ་རྒྱུ་ཡིན་ཞིང་། “ང་ཚོས་ས་གནས་ཁག་གི་ཁྱད་ཆོས་ཆེ་ཤོས་ཀྱི་ཀྲུང་གོའི་ཞིམ་ཟས་གྲུ་གཟིངས་ཐོག་བཤམས་ནས་ཡུལ་སྐོར་བ་ཚོ་མཚོ་ཐོག་ཏུ་མཉམ་འཛོམས་ཀྱི་དུས་བཟང་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན”ཞེས་ཨའེ་ཏ་ཡུལ་སྐོར་མཚོ་གྲུ་ཁྲོམ་རའི་ཚོང་གཉེར་དང་དྲ་ཐོག་ཚོང་དོན་གྱི་ལས་རོགས་ཙུང་ཚའེ་གཞོན་པ་ཅཱ་དབྱིང་གིས་བཤད།

    མཉམ་འཛོམས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་ཀྱང་ཀྲུང་གོ་བའི་སེམས་ནང་འཆར་ཡན་ཟབ་ཤོས་ཀྱི་མཉམ་འཛོམས་ལ་འཆང་བའི་བརྩེ་བ་དེར་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད།

    དཔྱིད་ཀ་བསུ་བཞིན་མཐུན་སྒྲིལ་འབད་འབུངས་བྱེད།

    རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བུད་མེད་བུ་བཙའི་སྨན་ཁང་གི་བུ་བཙའ་ཁང་དུ་དུས་ཆེན་གྱི་དགའ་སྤྲོ་དང་ཚེ་སྲོག་གསར་པ་བསུ་བའི་དགའ་སྤྲོའི་རྣམ་པས་ཕྱུག

    ལོ་གསར་གནམ་གང་གི་ཉིན་དེར། ཡུན་ནན་ཞིང་ཆེན་ཆུས་ཅིན་གྲོང་ཁྱེར་མ་ལུང་ཆུས་ཤིན་ལོའུ་ཧྥང་གྲོང་ཚོའི་ཞིང་ནང་དུ་འཕྲུལ་ཆས་ཀྱི་སྒྲ་བར་མེད་དུ་གྲགས་ནས་ལྕགས་གཤོལ་གྱིས་ས་སློག་རྒྱག་བཞིན་མཆིས། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཅི་ཧྥེས་སྟོད་སྒུར་སྒུར་བྱས་ནས་ས་སློག་བརྒྱབ་ཚར་བའི་ཞིང་སར་ལྟ་བཞིན“དུས་ཆེན་གྱི་སྔོན་ལ་ས་ཞིང་རྨོས་ནས་ཞིང་ལས་དུས་ཚིགས་ལ་འཐུས་ཤོར་མི་འགྲོ་བ་བྱས་ཏེ་ལོ་གསར་རྗེས་ཀྱི་དཔྱིད་འདེབས་ལ་གྲ་སྒྲིག་ཡག་པོ་བྱེད་དགོས”ཞེས་བཤད། ད་ཆ་གྲོང་ཚོའི་ནང་སྔོ་ཚལ་དང་མེ་ཏོག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། 2025ལོར་གྲོང་ཚོ་ཡོངས་ཀྱི་ཞིང་ལས་ཐོན་འབབ་སྒོར་ཁྲི་2200ཟིན་པ་དང་གྲོང་མི་དུད་ཚང་300ལ་ཁེ་སྤོགས་མཉམ་སྤྱོད་བྱས་ཡོད།

    རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། ལྷ་གྲུ་ཨང་ཉེར་གཅིག་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཚོས་དཔྱིད་གསར་ཆ་ཡིག་སྦྱོར་བ་དང་བཀྲ་ཤིས་གཡང་ཆགས་ཡི་གེ་བྲིས་ནས་ཀྲུང་གོ་བའི་བར་སྣང་ཁྱིམ་གཞིས་ལ་མཛེས་རྒྱན་སྤྲས་ཤིང་། བར་སྣང་དུ་ལོ་གསར་གཏོང་ཐེངས་དང་པོ་ཡིན་པའི་འཇིག་རྟེན་འཕུར་སྐྱོད་པ་ཝུའུ་ཧྥེ་ཡིས“རྟ་ལོར་རྟ་མཆོག་རྒྱུགས་པ་ལྟར་གྱི་ངར་ཤུགས་ལྡན་དགོས། ང་ཚོས་མུ་མཐུད་ཕུགས་བསམ་དང་བདེ་སྐྱིད་ཆེད་འབད་འཐབ་བྱེད་དགོས”ཞེས་བཤད།

    སྤྱིར་བཏང་གི་ལས་གནས་སུ་ཚང་མས་གསོན་ཉམས་དོད་པའི་ཀྲུང་གོའི་ཆེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་བཞིན་མཆིས།

    ང་ཚོས་རྟ་ཕོ་ལྕག་གིས་སྐུལ་བ་ལྟར་ངར་ཤུགས་རྒྱས་བཞིན་དཔྱིད་དཔལ་གསར་པར་བསུ་བ་ཞུ།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།