དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དགུ་ཐུག་འཐུང་གིན་བདེ་སྐྱིད་འཚོ་བ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱི་དགའ་འཛོམས་གྲགས་གླིང་ཁུལ་ཆུང་དུ་སྡེ་ཁུལ་གྱི་ལས་དོན་པས་གྲོང་མི་མགོན་པོ(གཡོན་གྱི་གཉིས་པ)དང་མཉམ་དུ་དགུ་ཐུག་འཐུང་བཞིན་པ།

    བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་དགོང་མོ་ནི་བོད་ཀྱི་ལོ་གསར་གྱི་དགུ་ཐུག་དགོང་མོ་རེད།

    ས་སྲོས་ཀྱི་མཚམས་སུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱི་དགའ་འཛོམས་གྲགས་གླིང་ཁུལ་ཆུང་དུ་ཁྱིམ་ཚང་ཚང་མའི་སྒེའུ་ཁུང་ནས་དྲོ་སྐྱིད་ལྡན་པའི་གློག་འོད་གསལ་ལེར་འཕྲོས་ཤིང་། མི་རྣམས་ལོ་གསར་གྱི་བྲོ་ཞིམ་ཟས་ལ་རོལ་བཞིན་དགའ་སྤྲོའི་རྣམ་པས་ཁེངས།

    གྲོང་མི་མགོན་པོའི་ཁྱིམ་དུ་སྐྱོད་སྐབས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་ངང་གིས་སྦྱིན་འོང་། ཚོམས་ཆེན་ནང་དར་རྒྱས་སྡེ་ཁུལ་གྱི་ལས་དོན་པ་དང་མགོན་པོའི་ནང་མིས་བདེ་ལྕག་འཁྱུག་པོས་བག་ཐུག་བཟོ་བཞིན་ཡོད་པ་དང་། ཡུན་རིང་མ་སོང་བར། བག་རིལ་མང་པོ་ཞིག་བཟོས་ཟིན་ཡོད།

    གསོལ་ལྕོག་ཐོག་རླངས་པ་འཚུབ་འཚུབ་ཀྱི་དགུ་ཐུག་ཕོར་པ་རེ་རེ་བཞིན་བསྐྱལ་རྗེས་དྲོ་སྐྱིད་ལྡན་པའི་ཁང་པའི་ནང་དེ་མ་ཉིད་དུ་དགོད་སྒྲས་ཁེངས་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་འཚོ་བའི་རྣམ་པ་ངང་གིས་མཚོན།

    “བདེ་སྐྱིད་ཅེས་པ་གང་འདྲ་ཞིག་ལ་ཟེར་རམ་ཞེ་ན། འདི་ནི་ཚ་སོབ་སོབ་ཀྱི‘དགུ་ཐུག’དེ་ཡིན་ལ། ཁང་པའི་ཤོད་ཀྱི་ཐང་ཆེན་དུ་སྒོར་གཞས་འཁྲབ་པ་དང་ཁྱིམ་མཚེས་དབར་ཕན་ཚུན་འཚམས་འདྲི་ཞུ་རེས་བྱེད་པ་དེའང་ཡིན། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས‘ཁྱིམ་ཚང་ཆུང་ཆུང’ཚང་མར་དྲོ་སྐྱིད་ཀྱིས་ཁེངས་ཡོད”ཅེས་མགོན་པོས་བཤད།

    མཚན་མོ་དེར“དགུ་ཐུག”བཏུང་བས་ལུས་ལ་ཚ་སོབ་སོབ་བྱུང་བ་མ་ཟད། སེམས་ལ་དེ་བས་སྤྲོ་སྣང་སྦྱིན་ཡོད། དེའང་རྒྱུན་དུ་ཤོད་པའི་འགྱུར་ལྡོག་ནི་ཉིན་རེའི་འགྱུར་ལྡོག་ཙམ་མ་ཟད། མིག་མཐོང་ལག་ཟིན་ཐུབ་པའི་བདེ་སྐྱིད་དེ་ལགས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།