དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་སྐྱོང་གསོའི་མནའ་འབྲེལ་བཙུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    ཉེ་ཆར། “གྲངས་འཛིན་དཔལ་འབྱོར་མཉམ་འདུས་ཀྱི་ལྷ་ས། རིག་སྟོབས་དར་བའི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་སྐྱོང་གསོའི་མནའ་འབྲེལ་འཛུགས་པའི་ཚོགས་འདུ་དང་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་ས་མཐོ་གསར་ཁུལ་དུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས(ཚོགས་པ)ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་ཞིག་ཡིན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དེ་གར་འཛོམས་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་མཚམས་ཚིགས་ལ་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

    “གྲངས་འཛིན་བོད་ལྗོངས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་མནའ་འབྲེལ་དེའི་ཁོངས་མིའི་ཚན་པ་ཁག་དང་པོ་དེ་སྤྲིན་ཚོམ་རྩིས་རྒྱག་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས། དྲ་ཐོག་ཚོང་དོན་སོགས་ལྟེ་བའི་ཁྱབ་ཁོངས་ལ་ཁྱབ་ཡོད། སླད་ཕྱིན་ཐོན་ལས་འཆར་འགོད་དང་། ལག་རྩལ་འགག་སྒྲོལ། གྲུབ་འབྲས་གཞན་སྒྱུར་སོགས་གཙོ་གནད་ཁ་ཕྱོགས་ལ་དམ་པོར་དམིགས་པ་དང་། གྲངས་འཛིན་ལག་རྩལ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ལྷ་སས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་གཞི་གཙོ་བོ་གཏོད་པར་རམ་འདེགས་བཅས་བྱས་ནས“གཙོ་ཁྲིད་གཅིག་དང་། ཀ་རྟེན་གསུམ། ཐོན་ལས་ཆེན་པོ་དགུ”བཅས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པར་སྒུལ་ནུས་གསར་པ་བསྣན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མནའ་འབྲེལ་དང་རྟེན་གཞི་བཙུགས་པ་དེ་ཐོག་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དེ་ཐོན་སློབ་ཞིབ་སྤྱོད་བཞི་མཉམ་འདྲེས་གཏིང་ཟབ་བྱས་པའི་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་། དེས་ཐོན་ཁུངས་བསྡུ་སྒྲིལ་དང་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་མཐོ་ས་གཏོད་པར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།