དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ལ་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་དམ་འཛིན་བྱ་གཞིར་བྱས་པ་དང་ཐོ་འགོད་སྟབས་བདེ་ཅན་དང་། གྲངས་གཞི་མཉམ་སྤྱོད་མཉམ་སྦྲེལ། ཡིག་ཆ་སྟབས་འདུས་ཚད་ལྡན་ཅན་བཅས་ལ་དམ་པོར་དམིགས་ནས། ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    མངའ་རིས་ས་ཁུལ་གྱིས“ཞིབ་དཔྱད་གཅིག་སྒྲིལ”ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། ཞིབ་མཆན་འགོད་པའི་ཆ་རྐྱེན་གཙོ་བོ་སྟབས་བདེ་རུ་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཞིབ་མཆན་འགོད་པའི་དུས་ཚད་ཐུང་དུ་གཏོང་བ་བཅས་བྱས་ཏེ། ཐོ་འགོད་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་བ་དང་། ཁེ་ལས་ཀྱི་མིང་རང་བརྟེན་འདུན་ཞུ་དང་། ཐོ་འགོད་མ་རྩ་རྗེས་འདོན། ཐོ་འགོད་རང་མིང་བདེན་དཔང་ར་སྤྲོད་སོགས་ཀྱི་བྱེད་ཐབས་དུས་གཅིག་ཏུ་སྤྱད་དེ་ཁྲོམ་རའི་ཆོག་འཐུས་ཚད་གཞི་དམའ་རུ་བཏང་ཡོད།

    དུས་མཚུངས་སུ“བོད་ལྗོངས་ཁྲོམ་ར་ལྟ་འདོམས་སྲིད་དོན་ཞབས་ཞུའི”ལས་སྟེགས་ལ་བརྟེན་ནས་སྡེ་ཚན་ལས་བརྒལ་བའི་གྲངས་གཞི་མཉམ་སྤྱོད་ལས་སྟེགས་བཏོད་ཅིང་། ཁྲོམ་ར་ལྟ་འདོམས་དང་། ཁྲལ་དོན། སྤྱི་བདེ། མི་སྤྱི་སོགས་སྡེ་ཚན་གྱི་གྲངས་གཞིའི་འགལ་རྐྱེན་བསལ་ནས་འགག་རྩའི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པར་བྱས་ཏེ། “ཁེ་ལས་གཉེར་བའི་ལས་དོན་ཐེངས་གཅིག་ལ་སྒྲུབ་པའི”དོ་དམ་ལ་སྐུལ་འདེད་བཏང་བ་དང་། སྲིད་དོན་ཞབས་ཞུའི་དྲ་བའི“ཁེ་ལས་གཉེར་བའི་ཆེད་དམིགས་ཁུལ”བཙུགས་པ་བརྒྱུད། དོན་ཚན་སྙན་ཞུ་དང་། དཔྱད་ཡིག་བརྒྱུད་གཏོང་། འཕེལ་རིམ་འདྲི་རྩད་བཅས“སྐར་ཁུང་གཅིག་ནས་འགྲོ་ལུགས་ཀུན་གཉེར་དང་བརྒྱུད། རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་གཉེར”མངོན་འགྱུར་བྱུང་ཡོད།

    དཔྱད་གཞིའི་ཡིག་ཆ་སྟབས་བདེ་རུ་གཏོང་བའི་ཐད། འཛུགས་གཉེར་དང་། བརྗེ་སྒྱུར(ཐོ་འགོད) ཐོ་སུབ་སོགས་ཀྱི་རེ་ཞུའི་རེའུ་མིག་མང་པོ་ཞིག་ཐོ་འགོད་ཞུ་ཡིག་ཆ་ཚང་ཞིག་ཏུ་བསྡུ་འགྲིལ་བྱས་ནས་རེ་ཞུའི་ཡིག་ཆ་ཁུ་བསྡུས་སུ་བཏང་བ་དང་། ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཐད། ལས་སྒྲུབ་ཕྱོགས་སྟོན་དང་། དཔྱད་གཞིའི་ཡིག་རིགས་གསལ་ཐོ། ཁ་སྐོང་ཚད་གཞི་བཅས་ཁ་གསལ་བཟོས་ཤིང་། དྲ་ཐོག་ལས་སྟེགས་དང་དྲ་ཕྱིའི་སྐར་ཁུང་བརྒྱུད་ཁེ་ལས་ལ་བླང་བྱ་ཚང་མ་ཐེངས་གཅིག་རང་ལ་གསལ་པོར་བཤད་དེ་ཡིག་ཆ་ཚད་དང་མ་མཐུན་པ་ལས་ཁ་གསབ་བྱེད་དགོས་པའི་གནས་ཚུལ་སྣ་ཚོགས་སྔོན་འགོག་བྱས་པ། དུས་ཚད་ཐུང་དུ་གཏོང་བའི་ཐད། “ཁེ་ལས་ཀྱིས་དོན་དག་གཅིག་སྒྲུབ་པའི”སྤྱིའི་དུས་ཚད་ཁ་གསལ་བཟོས་ཤིང་། ཡིག་ཆ་ཆ་ཚང་ཞིང་ཁྲིམས་བཀོད་ཀྱི་རྣམ་པ་དང་མཐུན་པའི་རིགས། ལས་ཡུན་ཉིན་ཕྱེད་ནས་ཉིན་གཅིག་ནང་སྒྲུབ་པ་དང་འབྲེལ་ལས་གཉེར་ལག་ཁྱེར་ཡང་སྤྲོད་ཐུབ་པར་བྱས་ནས་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།