སེམས་ནུས་གཅིག་སྒྲིལ་ངོ་མཚར་གཏོད། གླུ་ལེན་གར་འཁྲབ་ལོ་གསར་བསུ།

ཉེ་ཆར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་ཟློས་གར་ཁང་ཆེན་དུ“སེམས་ནུས་གཅིག་སྒྲིལ་གྱིས་འོད་སྟོང་གཏོད་ཅེས་པའི་2026ལོའི་བོད་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུ་བའི་རིག་རྩལ་མཚན་ཚོགས”འཚོགས་པ་རེད། མཚན་ཚོགས་ཀྱིས་2025ལོར་ཕྱི་མིག་ལྟ་བ་དང་རྒྱང་ལམ་གསར་པར་རྒྱང་ལྟ་བྱེད་པ་གཙོ་རྐང་དུ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཕྱིར་དྲན་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་ལ་སྐུལ་མ་ཐེབས་པ། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་ལ་འགན་ལེན་བྱེད་པ་བཅས་ཁྲོད་ཀྱི་བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ནུས་པ་གལ་ཆེན་མཚོན་པར་བྱས་ཡོད་ལ། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་རྒྱུན་མཐུད་སྟོབས་ཆེར་འགྲོ་བ་དང་། ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཡང་མངོན་པར་བྱས་ཡོད། འདི་ནི་མཚན་ཚོགས་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།