རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཉིང་ཁྲིར“ཀྲུང་གོའི་མི་བཟང”ལ་འཚམས་འདྲི་བྱེད་པར་བསྐྱོད་པ།
ཉེ་ཆར། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་འཚམས་འདྲིའི་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བཅར་འདྲི་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བར་བསྐྱོད་དེ། གཞུང་དྲང་ཡིད་རྟོན་རིགས་ཀྱི“ཀྲུང་གོའི་མི་བཟང”རིན་འཛིན་ལྷ་མོར་གུས་བཀུར་ཞུ་བ་དང་སྦྲགས། དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། རོགས་སྐྱོར་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།
2021ལོར“ཀྲུང་གོའི་མི་བཟང་མིང་ཐོའི”ནང་ཚུད་པའི་རིག་འཛིན་ལྷ་མོའི་ཁྱིམ་ལ་གློ་བུར་དུ་གོད་ཆག་བྱུང་ནས་བུ་ལོན་མང་པོ་ཟུག་ཀྱང་ཐོག་མཐའ་བར་གསུམ་དུ་དྲང་པོ་དྲང་གཞག་གི་རྩ་དོན་རྒྱབ་སྐྱུར་གཏན་ནས་མ་བྱས་པར་ཉམས་ཆུང་གི་ལུས་ལ་བརྟེན་ནས་ཁྱིམ་ཚང་གི་ཁུར་པོ་ལྗིད་པོ་ཕྲག་ཏུ་ཁུར་བ་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བུ་ལོན་འཇལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞུང་དྲང་ཡིད་རྟོན་གྱི་ཀུན་སྤྱོད་བཟང་པོར་གསལ་འགྲེལ་བྱས་པས། ལྗོངས་ཡོངས་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་འོས་པའི་ཉེ་འགྲམ་གྱི་མིག་དཔེ་ཞིག་རེད།
ཡུན་རིང་རང་ཉིད་གཅིག་པུས་ཁྱིམ་ཚང་བདག་སྐྱོང་དང་བུ་ཕྲུག་གསོ་སྐྱོང་བྱས་པས། ཁོང་གི་ལུས་སེམས་གཉིས་ཀར་གནོན་ཤུགས་ཆེན་པོ་འཕྲད་རྐྱེན། མིག་སྔར་ངལ་གསོ་ཞོར་དུ་སྨན་བཅོས་བྱེད་བཞིན་ཡོད་པས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་འཕྲད་ཡོད། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཉེ་འགྲམ་གྱི་མི་བཟང་དེ་མ་བརྗེད་པར་ད་ཐེངས་ཆེད་མངགས་ཐུགས་ཁུར་དང་རོགས་རམ་མཚོན་པའི་འཚམས་འདྲི་བྱེད་པར་ཡོང་སྟེ། ཁོང་ལ་ལུས་གསོ་ལྷོད་ལྷོད་དང་གཟུགས་པོར་བདག་གཅེས་བྱེད་དགོས་པའི་མངགས་བྱ་བྱས་པ་མ་ཟད། རྗེས་སུ་མུ་མཐུད་དེ་ཁོང་གི་འཚོ་བ་དང་སྨན་བཅོས་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ནས་ཁོང་གི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་རྒྱུ་དང་། ཁོང་ལ་ཕྱོགས་ཁག་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་ཡིད་ཐང་མ་ཆད་པར་མཉམ་དུ་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་སྐུལ་ལྕག་ཡང་བྱས་པ་རེད།
མིག་སྔའི་བར། ལྗོངས་ཡོངས་ཀྱིས“ཀུན་སྤྱོད་དཔེ་བཟང”དང“ཤེས་དཔལ་ཁྱིམ་ཚང”“ཀྲུང་གོའི་མི་བཟང”དང་ཉེ་འགྲམ་གྱི་མི་བཟང་སོགས་སྔོན་ཐོན་དཔེ་མཚོན་མི་211ལ་རོགས་སྐྱོར་དང་འཚམས་འདྲི་བྱས་པར་རོགས་སྐྱོར་དང་འཚམས་འདྲིའི་དངུལ་འབོར་སྒོར་ཁྲི་22.47ཟིན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།