དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མཚན་ཚོགས་རིང་ལ་ཁྲིམས་ལུགས་ཁྱབ་གདལ་བཏང་། བཅའ་ཁྲིམས་ཤེས་བྱ་ཚང་མའི་སེམས་སུ་ཟུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    འདི་ནི་དང་བླངས་པས་ཡུལ་མིའི་སྐྲ་བཞར་བཞིན་པ།

    འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་གྲོང་ཚོས་རིག་གནས་བྱེད་སྒོའི་ཐང་ཆེན་དུ“ཇོ་རིའི་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས། སྒོ་དབྱེ་འཕེལ་རྒྱས་ལེ་ཚན་གསར་པ་གཏོད”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“བཅའ་ཁྲིམས་ཁྱབ་གདལ་བཏང་ནས་བདེ་སྐྱིད་ལོ་གསར་གཏོང་། ཤེས་དཔལ་སྲོལ་གསར་སྤེལ་ནས་དཔྱིད་གསར་དགའ་བས་བསུ”ཞེས་པའི་མཉམ་སྤྲོའི་མཚན་ཚོགས་འཚོགས་པ་རེད།

    གྲོང་ཚོའི་མཚན་ཚོགས་ཐོག་རིག་རྩལ་འཁྲབ་སྟོན་དང་ཁྲིམས་སྐྱོང་ཤེས་བྱའི་དྲིས་ལན་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་ལ། དབྱིངས་ཞུགས་རྣམ་པ་དང་སྤེལ་རེས་རྣམ་པའི་ཐོག་ནས་ཁྲིམས་ལུགས་ཁྱབ་སྤེལ་བཏང་སྟེ། ཁྲིམས་སྐྱོང་སྙིང་སྟོབས་གཞི་རིམ་དུ་དར་སྤེལ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།