དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་གྱིས་གནད་སྨིན་ཇུས་འདོན་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས་གནད་སྨིན་ཇུས་འདོན་བྱས་སྟབས། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ་དང་དབང་པོ་སྐྱོན་ཅན་ཕྱིར་སྐྱོད་མི་བདེ་བའི་དམངས་འཚོའི་དཀའ་གནད་ཆེན་པོ་གཉིས་ནུས་ལྡན་ངང་བསལ་ཏེ། སྡེ་ཁུལ་གྱི་བཅོས་སྐྱོང་ནུས་པ་དང་དམངས་འཚོའི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་རྐང་འཁོར་མང་དུ་ཕྱིན་པ་དང་བསྟུན་ནས་དེ་སྔོན་ཀླུ་སྒུག་སྡེ་ཁུལ་ལ་རླངས་འཁོར་སྒྲིག་འགལ་ངང་སྲང་ལམ་དུ་འཛུལ་བ་དང་མེ་ཟོན་བགྲོད་ལམ་བཟུང་བ་སོགས་ཀྱི་མངོན་གསལ་དོད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པས། གནས་ཚུལ་དེར་དམིགས་ནས། ཀླུ་སྒུག་སྡེ་ཁུལ་གྱིས་བེད་མེད་བར་མཐོངས་གང་ལེགས་སྤྱད་ནས་གློག་སྒུལ་སྦག་སྦག་གཅིག་སྡུད་དུ་འཇོག་པའི་གློག་གསོག་ཁུལ་3ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས་བསྐྲུན་ཏེ། འབྱུང་རྩ་ནས་རླངས་འཁོར་དོ་དམ་ཚད་ལྡན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།