དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་ལྗོངས་ཀྱི་ས་གནས་ཁག་གི་མཚན་ཚོགས་འཁྲུག་ཆ་དོད་པ།

    གངས་ལྗོངས་ས་མཐོར་དགའ་སྤྲོའི་གླུ་དབྱངས་ལེན། བཀྲ་ཤིས་ལོ་གསར་འདོད་རྒུའི་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    གངས་ལྗོངས་ཀུན་ཏུ་དཔྱིད་དཔལ་རབ་ཏུ་བཞད་ནས་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་མཆིས། 2026ལོའི་དཔྱིད་གསར་དུས་ཆེན་དང་བོད་མེ་རྟའི་ལོ་གསར་མཉམ་དུ་འཁེལ་བས། ཡར་ཀླུང་གི་ལུང་གཞུང་ནས་སེང་གེ་ཁ་འབབ་བར་དང་། གནའ་གྲོང་འཕྱོངས་རྒྱས་ནས་ལྟེ་བའི་གྲོང་ཁྱེར་ལྷ་ས་བར། རིག་གནས་ཀྱིས་འབྲེལ་ཐག་ཏུ་བྱེད་པ་དང་མཉམ་འཛོམས་ཀྱིས་བརྗོད་དོན་གཙོ་བོར་བྱས་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ལས་ངོ་མཚོར་ཆེ་བའི་ལྟད་མོ་རྒྱ་ཆེའི་མང་ཚོགས་ལ་གཅིག་རྗེས་གཉིས་མཐུད་ངང་དུ་བཤམས། ས་གནས་ཁག་གི་ལོ་གསར་མཚན་ཚོགས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་པ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་བརྟན་པོ་དང་། དེ་བཞིན་འབད་འབུངས་སྟོབས་བརྩོན། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། གངས་ལྗོངས་ས་མཐོར“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་བརྗིད་ཆེའི་རོལ་དབྱངས་དཀྲོལ་ཡོད།

    བྱིས་གླུ་བསྐྱར་དུ་བླངས་ནས།

    བྱིས་པའི་ལྷད་མེད་སེམས་པས་ཁྱིམ་ཚང་ཁྲི་སྟོང་གི་སེམས་པ་དྲོ་བར་བྱས་པ།

    གསར་འགོད་པར་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་གཞོན་སྐྱེས་གཞས་པ་བསྟན་འཛིན་ནོར་བུ་དང་། པ་དོན། ཀུན་དགའ་བཅས་ཀྱིས་ཇོ་མོ་གླང་མའི་ལོ་ཆུང་བྱིས་པའི་མཉམ་གཞས་ཚོགས་པ་དང་མཉམ་དུ་འཁྲབ་སྟོན་བྱས་པའི《བྱིས་གླུ》ཞེས་པའི་ལེ་ཚན་ཕབ་འཇུག་ཟིན་ཞིང་། ད་ཐེངས་ཁོང་གསུམ་པོས་ཕྲུ་གུ་ཚོ་དང་མཉམ་དུ་བོད་ཀྱི་གཟིགས་མོ་བ་ཚོའི་རྣ་བར་འཇགས་པའི་བྱིས་གླུ་དུམ་བུ་གསུམ་སྒྲིག་བཟོ་བྱས་ཏེ་བྱིས་པའི་ལྷད་མེད་ཀྱི་འགྱུར་ཁུག་ལ་བརྟེན་ནས་ལོ་གསར་གྱི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད།

    བསྟན་འཛིན་ནོར་བུས། བྱིས་གླུས་མི་རབས་མང་པོའི་བྱིས་དུས་ཀྱི་འཚོ་བ་མཚོན་ལ། ང་ཚོའི་མི་རབས་འདིས་ཀྱང་བླངས་མྱོང་བས། ད་ཆ་བྱིས་པ་ཚོས་ལེན་པ་ཐོས་སྐབས་ངོ་མཚར་ཆེ་བ་ཞིག་འདུག ད་རེས་སླར་ཡང་འཁྲབ་སྟོན་བྱས་པ་བརྒྱུད“བྱིས་གླུའི་རྒྱུན་སླར་ཡང་མཐུད་པའི”དོན་སྙིང་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།

    གནའ་བོའི་འགྱུར་ཁུག་ཁྲོད་ཀྱི་འཕྱོངས་རྒྱས་ཀྱིས།

    མི་རབས་རྒྱུན་འཛིན་ཁྲོད་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། འཕྱོངས་རྒྱས་རྫོང་གི་གློག་བརྙན་ཟློས་གར་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས།

    གར་སྟེགས་ནས་རྔ་སྒྲ་ལྡིར་ལྡིར་དུ་གྲགས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི“འཕྱོངས་རྒྱས་ཀྱི་འཇུ་བྲོ”《ལོ་ངོ་སྟོང་གི་རྔ་བྲོ》ཞེས་པ་འཁྲབ་ཅིང་། ཞབས་བྲོ་བ་ཚོའི་གོམ་པའི་སྟངས་སྟབས་ལས་གཏིང་ཟབ་པའི་རིག་གནས་ཀྱི་གདེང་ཚོད་དང་རྒྱུན་འཛིན་གྱི་སྟོབས་ཤུགས་མངོན་བཞིན་ཡོད།

    འདི་ནི་འཕྱོངས་རྒྱས་རྫོང་གི་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་འཚོག་ཡུལ་ཡིན་ཞིང་། མཚན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ་གླུ་གར་དང་། གཞས་མ་གཏམ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཕུན་སུམ་ཚོགས་པའི་རྣམ་པ་བརྒྱུད་མི་རིགས་མཐུན་སྒྲིལ་དང་། རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་གང་ས་ཅི་ཐད་ནས་འཕྱོངས་རྒྱས་ཀྱི་གསོན་ཉམས་དོད་་པའི་གཏམ་རྒྱུད་སྙན་མོ་མངོན་པར་བྱས་ཡོད།

    མངའ་རིས་ཀྱི་བརྙན་ཤེལ་ལས།

    དེང་རབས་གར་སྟེགས་ཐོག་སྲོལ་རྒྱུན་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ།

    དཔྱིད་ཀྱི་དྲོ་འཇམ་ཉི་འོད་མངའ་རིས་ས་མཐོར་འཕྲོས་པ་དང་ལྷན་བཀྲ་ཤིས་པའི་སྨོན་འདུན་བཟང་པོ་སེང་གེ་ཁ་འབབ་ནས་ཞུས།

    མངའ་རིས་ས་ཁུལ་གྱི་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་མེ་རྟ་ལོའི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་དྲོ་སྐྱིད་ལྡན་ལ་འཁྲུག་ཆ་དོད་པོའི་ཁྲོད་ནས་འགོ་ཚུགས་པ་རེད།

    མཚན་ཚོགས་འཚོག་ཡུལ་དུ། ཆ་ལུགས་མི་འདྲ་བའི་ཡུལ་སྲོལ་གོམས་འདྲིས་སྣ་ཚོགས་ལས་ཀྲུང་ཧྭའི་ལོ་གསར་གྱི་རྣམ་པ་དེ་གངས་ལྗོངས་ཀྱི་འགྱུར་ཁུག་དང་གཅིག་ཏུ་འདྲེས་པ་དང་། བརྩེ་བ་ཟབ་མོ་དང་ས་མཐོའི་སྤོབས་ཉམས་གཅིག་ཏུ་འདུས་ཡོད། གར་སྟེགས་ཐོག་གི་སྙན་ཞིང་འཇེབས་པའི་གདོད་མའི་དམངས་གཞས་ཀྱིས་མངའ་རིས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་བརྩེ་སེམས་མཚོན་ལ། དཔའ་ཉམས་ཆེ་བའི་གླུ་གར་འཁྲབ་སྟོན་གྱིས་མངའ་རིས་ཀྱི་བུ་ཕྲུག་ཚོའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཡང་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།