དབུ་ཤོག
  • “ཉིང་ཁྲིའི་བྱིས་བློ་རྒྱལ་སར་ཕྱོགས”ཞེས་པའི་གཞོན་ནུ་ལོ་ཆུང་པེ་ཅིང་དུ་བསྐྱོད་པའི་དགུན་སྒར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-15

    ཉེ་ཆར། གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཁྱེར་ཨུ་ལྷན་དང་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“ཉིང་ཁྲིའི་བྱིས་བློ་རྒྱལ་སར་ཕྱོགས”ཞེས་པའི་གཞོན་ནུ་ལོ་ཆུང་པེ་ཅིང་དུ་སྐྱོད་པའི་དགུན་སྒར་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད།

    ད་ཐེངས་ཀྱི་དགུན་སྒར་བྱེད་སྒོ་དེ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་དང་། མཉམ་འགུལ་རྣམ་པའི་སློབ་སྦྱོང་། ཆ་སྒྲིག་རྣམ་པའི་སྤེལ་རེས་བཅས་ཟུང་དུ་འབྲེལ་པའི་བྱེད་ཐབས་སྤྱད་ནས་སྤེལ་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་4དང་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལོ་ཆུང་གདོང་ལེན་རུ་མི་29ལས་གྲུབ་པའི་དགུན་སྒར་བྱེད་སྒོ་དེ་ཞིང་འབྲོག་པའི་བུ་ཕྲུག་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་བུ་ཕྲུག དེ་བཞིན་གཙོ་གནད་གཞོན་ནུ་ལོ་ཆུང་ཁྱུ་ཚོགས་བཅས་ལ་ཁྱབ་ཡོད། བྱེད་སྒོ་དེས“དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། མཉམ་འདྲེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུ། འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱ་རྒྱུ། རིག་གནས་ཀྱི་མཛེས་སྡུག་མངོན་པར་བྱ་རྒྱུ”བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ། “རྒྱལ་གཅེས་བློ་སྦྱོང”དང་། “ཆ་སྒྲིག་མཐུན་འབྲེལ”“ཚན་རྩལ་གསར་གཏོད་དང་བློ་སྒོ་གསར་འབྱེད”“རིག་གནས་རྒྱུན་འཛིན”བཅས་ཀྱི་ནང་དོན་བརྒྱུད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོའི་སྣེ་ཁྲིད་དེ་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་དང་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་བསྐྱོད་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་དང་། པེ་ཅིང་གི་ཁ་གཏད་སློབ་གྲྭ་དང“ལག་གདང་སྦྲེལ་བའི”བྱེད་སྒོ་སྤེལ་ནས་མཉམ་དུ་ལོ་ཆུང་གདོང་ལེན་རུ་མིའི་སློབ་ཚན་ཉན་པ་དང་། ཕན་ཚུན་དྲན་རྟེན་དངོས་པོ་སྤྲོད་རེས་བྱེད་པ། མཉམ་སྤྲོའི་མཚན་ཚོགས་མཉམ་དུ་གཉེར་བ། “སྤྲིན་ཚོམ་ཆ་སྒྲིག”གི་ཕུགས་ཕན་ལམ་སྲོལ་བཙུགས་པ། པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཏུ་བསྐྱོད་དེ་ཀྲུང་གོ་ཚན་རྩལ་ཁང་དང་འཇིག་རྟེན་འཕུར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ་དང་། ཕུལ་བྱུང་གི་སློབ་ཆེན་སློབ་མ་དང་སྤེལ་རེས་གླེང་མོལ་བྱས་པ། ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་བ། སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པ། ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་དང་པ་ཏ་ལིན་ལྕགས་རི་རིང་པོར་བསྐྱོད་པ། པེ་ཅིང་གི་སྲང་ལམ་རྙིང་པར་བསྐྱོད་ནས་ཅིང་ཐའེ་ལན་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་ཉམས་ལེན་བྱས་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཉམས་སུ་མྱོང་བ་བཅས་བྱས་ཡོད།

    “སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་དེ་དག་གིས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཕན་ཚུན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་འབྲེལ་ཟམ་བསྐྲུན་ཏེ། ཉིང་ཁྲིའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིར་རང་ཉིད་ཀྱི་མྱོང་ཚོར་དངོས་ལས་བརྩེ་དུང་མཉམ་སྐྱེས་ཐུབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་འགྲོ་བར་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ་ལོ་ཆུང་གདོང་ལེན་རུ་མིའི་སེམས་ནང་བརྟན་པོར་ཚུགས་པར་བྱས་ཡོད”ཅེས་བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།