སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་གཉེར། གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱེད།

འདི་ནི་སྤྲོ་འཕེལ་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲོག་པ་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་ཡོག་རྫོང་རྒལ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ལས་དོན་རུ་ཁག་གིས་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བར་གྲོང་ཚོའི་ཡུལ་མི་200ཙམ་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལི་ལིད་ཀྱིས་ས་གནས་ས་ཐོག་ཏུ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རྩོམ་སྒྲིག་པར་འདེབས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཀྱི་གསལ་རྟོགས་བྱང་བུ(2025ལོའི་པར་གཞི)》སྒྲོག་འགྲེལ་བྱས་པ་དང་འབྲེལ། དུད་ཚང་ཚང་མར་འབྲས་དང་བཟའ་སྣུམ་སོགས་ཀྱི་འཚམས་འདྲིའི་དངོས་པོ་ཡང་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།