དབུ་ཤོག
  • ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་གྲས་ལ་གཟིགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-15

    དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཧུའུ་ཅིན་ཐའོ་དང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། དབང་དབྱང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ལུའོ་ཀན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་དང་། ཐེན་ཅི་ཡུན་དང་། ཁྲེ་ཧའོ་ཐེན། ཝང་ལེ་ཆོན། ཝང་ཀྲའོ་གོ ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙེང་ཕེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མཱ་ཁའེ། སུན་ཁྲུན་ལན། ལི་ཅན་གོ ཧྥན་ཁྲང་ལུང་། མོང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཝང་ཁྲེན། ལིའུ་ཧོ། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཁྲེན་ཆོན་གོ ཀུའོ་ཧྲེང་ཁུན། ཝང་ཧན་པིན། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཡིའུ་ཆོན། ལི་ཐེ་དབྱིང་། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། ཀུའུ་ཤིའུ་ལེན། ཧྲེང་ཧྭ་རེན། ལུའུ་ཡུང་ཞང་། ཧྭ་ཅན་མིང་། ཁྲེན་ཀྲི་ལི། སི་མཱ་དབྱི·ཐེ་ལི་ཝར་ཏི། ཅང་ཧྲུའུ་ཧྲེང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅོན་ཆི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཚའོ་ཅན་མིང་། ཀྲང་ཁྲུན་ཤན། ཅི་པིང་ཤོན། ཨེ་ལེ་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ། པད་མ་འཕྲིན་ལས། ཐང་ཅ་ཤོན། ཏའེ་པིང་གོ ཁྲང་དབན་ཆོན། ཀྲའོ་ཁེ་ཀྲི། ཧན་ཀྲུའུ་པིན། ཅ་ཁྲུན་དབང་། སུང་ཅན། ཧུའུ་ཆི་ལི། ཝང་ཀྲུང་ཡུས། ལི་ཀུའེ་ཤན། ཧའོ་ཅན་ཤིའུ། ཞུས་ཁོང་ཏི། ཀྲང་ཧོའེ་ཤིས། ལི་མོང་། ལེའོ་ཧུའེ། པའེ་ལི་ཁྲེན། ཁྲེན་ཁུའེ་ཡོན། ཨ་པུའུ་ལའེ་ཐི·ཨ་པུའུ་ཏུའུ་རེ་ཤིས་ཐི། ལི་ཀྲའོ་ཀྲོ། ཧོང་མོང་ཧྥུའུ། ཀྲང་མའེ་དབྱིན། ཀྲང་རུང་མིང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་དབན་ཐུང་། ཏེང་ཕུའུ་ཧྥང་། ལི་ཝུའུ་ཝེ། ཁྲེན་ཙུང་ཤིང་། ཝང་ཀྲི་ཀྲེན། ཧན་ཆི་ཏེ། ལིན་ཝུན་དབྱི། ལུའོ་ཧྥུའུ་ཧོ། ལི་ཧའེ་ཧྥུང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆི་ཤུས་ཁྲུན། མཱ་ཕེ་ཧྭ། ལིའུ་ཞའོ་ཧྥུང་། ཝང་ཆིན་མིང་། ཀྲང་ཆིང་ལི། ལིའུ་ཆི་པའོ། ཏུང་ཅན་ཧྭ། དབན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། དབྱང་ཁྲོན་ཐང་། ལི་པིང་། དབང་ཡུང་ཆིང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་སོགས་བློ་མཐུན་རྒན་གྲས་ལ་ཁག་སོ་སོར་གཟིགས་པའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གཟིགས་པར་མངགས་ཏེ། ཁོང་ཚོར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་རེད།

    བློ་མཐུན་རྒན་གྲས་ཚོས་ཐུགས་རྗེ་ཆེ་ཞུས་ཤིང་། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་བརྩི་བཀུར་ཞུས་པ་མ་ཟད། འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། ཚང་མས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་པ་དང་འབད་འབུངས་ཡར་བརྩོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་པ་སྤོས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་ཁྱད་བསད་དང་། ཉེར་ཁར་གདོང་ལེན། འགྲན་སློང་དང་ལེན་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་རེ་བ་བཏོན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།