ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པས་2026ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ།
ཚེས་10ཉིན། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་2026ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་དང“དཔྱིད་གསར་དུས་ཆེན་གྱིས་ལོ་གསར་པ་གཏོད·བང་རྩལ་རྟུལ་ཕོད་ཀྱིས་ལེ་དབར་ཁྲི་ཡི་སར་བསྐྱོད”ཅེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་འགྲེམས་སྟོན་བྱས་པ་རེད། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཅང་ཧྥུང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཨ་ཧྥེ་རི་ཁ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་གཅིག་ལྕོགས་ཅཱ་ཐའེ་ཐེ་སོགས་བྱེད་སྒོར་ཞུགས་པ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞིའི་འཐུས་མི་དང་། ཀྲུང་གོ་དང་ཨ་ཧྥེ་ཁའི་གཞོན་ནུའི་འཐུས་མི་སོགས་མི་200ལྷག་ཙམ་ཞུགས་པ་རེད།
ཅང་ཧྥུང་གིས་བརྗོད་དོན། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རྩེ་གྲ་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། བློ་སེམས་དང་བརྩེ་སེམས་ཕན་ཚུན་འབྲེལ་གཏུག་ཅིག་དེ་བས་རེད། ལོ་ཧྲིལ་པོར་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཐེངས་600ལྷག་ཙམ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཏེ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
“ཐུག་འཕྲད·གཟིགས་དཔྱད”ཅེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་རྒྱལ་སྤྱིའི་རྩ་འཛུགས་སུ་སྤེལ་བའི་རིམ་སྤེལ་བྱེད་སྒོའི་གྲས་ཞིག་ཡིན་པའི“དཔྱིད་གསར་དུས་ཆེན་གྱིས་ལོ་གསར་པ་གཏོད·བང་རྩལ་རྟུལ་ཕོད་ཀྱིས་ལེ་དབར་ཁྲི་ཡི་སར་བསྐྱོད”ཅེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་འགྲེམས་སྟོན་དེ“ནམ་ཡང་མཚམས་འཇོག་མེད་པ”དང་། “ནང་མི་ལྷན་འཛོམས” “རིག་རྒྱུན་གསར་དར”བཅས་འགྲེམས་པང་གསུམ་བརྒྱུད་ཀྲུང་གོའི་ལོ་རྟགས་རིག་གནས་དང་དཔྱིད་གསར་དུས་ཆེན་རིང་ནང་མི་མཉམ་འཛོམས་དང་དེ་བཞིན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གོམས་སྲོལ་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།